e-texts navigator
Collection
Volume
Page
Wylie

284b1 བྱེད་དོ། ། གང་དང་གང་དུ་ཆོས་སྟོན་པར་བྱེད་པ་དེ་དང་དེ་རུ་ཆོས་ཀྱི་སྒྲ་སྒྲོགས་སོ།། དེའི་ཕྱིར་གསུངས་པ།། འོད་དང་འོད་ཟེར་ཚད་རྣམས་ནི།། དབྱངས་དང་བྱངས་ཀྱི་ཚད་ཙམ་མོ།། གཟི་བརྗིད་ག་ཟ་ཡ་ཚད་རྣམས་ན།
284b2 བསོད་ནམས་བསོད་ནམས་ཀྱི་ན་ཚད།། ཤེས་རབ་ཤེས་རབ་ཀྱི་ནི་ཚད། གྲགས་པ་གྲགས་པ་ཡི་ནི་ཆད།། ཁ་དོག་ལ་དོག་ཀྱི་ནི་ཚད། ཆོས་ནི་ཆོས་རྣམས་ཀྱི་ནི་ཚད།། དེ་ནས་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བྲམ་ཟེ་དང
284b3 བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་ཚངས་པ་རྣམས་ཀྱིས་བདུད་རྩིའི་བཏུང་བ་མགྲངས་ནས། ཇི་ལྟར་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ཡིས་རྣམ་པ་བརྒྱ་ཕྲག་དུ་མའི་འོད་ཟེར་འབྲོ་ཞིང་། རྣམ་པ་བརྒྱ་ཁྲག་དུ་མ་མཚན
284b4 ར་ཛོགས་པ་མཚན་སུམ་བཅུ་རྩ་གཉིས་མཆོག་དང་ལྡན་པ་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་པ་བརྒྱ་ཕྲག་དུ་མའི་སྐུ་མདོག་རྣམ་པ་དུ་མའི་ཡམཚན་དང་ལྡན་པར་འགྱུར་བ་རྒྱ་ཕྲག་དུ་མིའི་འོད་ཟེར་དེའི་སྒ་ལས་འ
284b5 པར་གྱུར་ཏོ། ། དེ་ནི་ཁ་དོག་སྔར་པོ་དང་། ཁ་དོག་སེར་པོ་དང་། ཁ་དོག་དམར་པོ་དང་། ཁ་དོག་དཀང་པོ་དང་། བཅད་ཀྱི་མདོག་ལྟ་བུའི་འོད་ཟེར་དང་ལྡན་པའི་སྒྲ་མདོག་ཅན་ནོ།། དེའི་སྐུ་ལུས་ལ་བྱུང་བ་ནི་གང
284b6 ཏ་ལའི་ཚད་ཙམ་གྱི་འོད་ཟེར་འཕྲོའོ། ། དུས་དང་དུས་མ་ཡིན་པ་དང་། ཟད་དང་ཟུང་མ་ཡིན་པ་དང་། ཕུང་པོ་དང་ཕུང་པོ་མ་ཡིན་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་ལས་ལ་ལན་གསུམ་བསྐོར་བ་བྱས་ནས་ཀྱང་རིང
284b7 འགྲོ་བ་དང་ཐུང་ངུ་འགྲོ་བའོ། ། བཅོམ་ལྡན་འདས་དེའི་སཱ་ལུས་ནི་མཐོ་ཚང་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་པར་འགྱུར་རོ།། ཞབས་ཀྱི་འོགནས་དབུས་མོའི་བར་དུ་ཁྲུ་ཉི་ཤུ་རྩ་གཉིས་སོ།། དབུས་མོ་ནས་ལྟེ
284b8 ཤུ་ཤུ་རྩ་གཉིས་སོ། ། བ་ནས་སྒྲོག་དུས་ཀྱི་བར་དུ་ཁཱ་ཉི་ཤུ་རྩ་གཉིས་སོ།། སྒྲོག་རུས་ནས་སྐུ་གཙུག་པར་དུ་ཁྲུ་ཉི་གུ་རྩ་གཉིས་སོ།། དཔུང་པ་གཉིས་ཀྱི་བར་དུ་ཁྭཿ་ཊཿལྔ་འཆད་དོ།། སྒྲོགས་རུས་རེ་རེའི་བྱས་ན




iiif viewer powered by OpenSeadragon

284a - 285a

Texts on this page

Q751 - byams pa'i mdo