| | e-texts navigator
|
283b1 རུང་གི་རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཆེན་པོས་བཟུང་ནས་དྲི་བཟང་དང་ཕྲེང་བ་དང་བདུག་སྤོས་ལ་སོགས་པས་ཁང་བཟང་ལ་བསྐོར་ནས་འདུག་གོ།། ནམ་མཁའི་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་ལ།
283b2 པས་གཟུང་ནས་ལེགས་སོ་ཞེས་བྱ་བའི་སྒྲ་གཅིག་ཏུ་འབྱིན་པར་བྱེད་དོ།། འོག་མིན་གྱི་བར་དུ་ཐམས་ཅད་སྒྲ་གཅིག་ཏུ་བྱེད་ཅིང་གནས་སོ།། དེའིདུས་སུ་ན་ལ་པབ་རྫ་མ་འ་ཅི་མ་ན་པོ་གི་རྣམ་པ
283b3 ལ་འགྲོའོ། ། ཟླ་བཏབ་ལ་ཆུ་སྐར་གྱི་ཕྲེང་བས་བསྐོར་བ་བཞིན་ནོ།། བྱང་ཆུབ་སེམས་དཔའི་བཙུན་མེ་ཆེན་མོ་ལོ་སོགས་པ་ནམ་མཁའ་ལ་བཞུད་དོ།། གང་ཞིག་སེམས་དཔའ་ཆེན་པོ་དང་འགྲོ་བའི་སེམས་ཀྱིས་དེ་རྣམ་པར
283b4 རང་གི་ནམ་མཁའ་མཐོང་སྟེ་ཚངས་པ་ཆེན་པོས་དཔག་ཚད་གསུམ་གྱི་ཚད་དང་མཉམ་པའི་གདུགས་དཀར་པོ་འཛིན་ནོ། ། བརྒྱ་བྱིན་ལྷའི་རྒྱལ་པོས་དུང་ལ་སོགས་པ་བཟུང་ནས་འབུད་དོ།། དེ་ས་ད་ལ་དང་། ལ་བ་པར་མེདས།
283b5 ལྷ་དང་མེའི་ཚོགས་ཀྱིས་བསྐོར་ནས་ཁང་བཟང་གི་ཀླུ་ཤིང་བྱང་ཆུབ་ཤིང་དྲུང་དུ་གཤེགས་སོ།། དེ་ཡི་ཚད་ནི་ཁྲུ་བརྒྱ་ཉི་ཤུ་ཡལ་གའི་བར།། ཡལ་གའི་མཐོ་ཚང་དེ་དང་མཉམ།། འཁྲིལ་ནས་སྟེང་ནས་འོག་ཏུ་འཕྱང་།།
283b6 རྨ་བྱའི་གདུགས་བཞིན་མཛེས་པའོ།། རྟག་ཏུ་རྩེ་མོར་མེ་ཏོག་གསལ།། ལྷའི་དྲི་བཟང་གསུང་ལྡན་ཞིང་།། ཀེས་ཐལ་ལུག་དབ་མ་མོ།། མེ་ཏོག་བཟང་པོ་འཁོར་ལོ་ཙམ།། ཕྱོགས་ཕྱོགས་རླུང་གིས་འཁྱེད་པར་བྱེདད
283b7 རད་བཅུ་དུ་ཁྱབ་པའོ། ། སྟེང་གི་མེ་ཏོག་འོག་ཏུ་ལྷུང་། བྱང་ཆུབ་སྙིང་པོར་མེ་ཏོག་བཅགས། དེའི་དུས་སུ་ནམ་མཁའ་ལ་འགྲོ་བའི་བྱ་རྣམ་པ་སྣ་ཚོགས་པའི་ཚོགས་ཀྱིས་སྒྲ་སྙན་པས་མཆོད་དོ།། དེ་ལྟར་ཀླུ་ཤ
283b8 གི་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ཏེ་ནམ་མཁའ་ལ་འཕྱང་ཞེང་སའི་ཆ་ཐམས་ཅད་ཉམས་དགའ་བའི་གནས་སུ་སྤྱོད་དོ། ། དེ་ལ་ཞག་བདུན་དུ་དཔལ་གྱི་སྙིང་པོར་དཀའ་བ་སྤྱོད་དོ།། ཚངས་པ་ཆེན་པོས་བླངས་ནས་དངོས
iiif viewer powered by OpenSeadragon
283a - 284a