e-texts navigator
Collection
Volume
Page
Wylie

278b1 འཁོར་དང་བཅས་པས་བསྐོར་ནས་ནི། ། གང་དུའང་སྟོང་པ་མ་ཡིན་ནོ།། དེ་ལ་འདི་ནི་བདེ་ཆེན་དང་། གཽ་ཏ་མ་སྡེ་ལ་གནོད་མི་ནུས།། ལག་པ་ཐལ་མོ་སྡེབས་པ་དང་།། འཇིགས་པར་བྱེད་པའི་ཚེ་ངོ་སྒྲོགས
278b2 ཇི་ལྟར་རླུང་གི་སྤྲིན་རྣམས་དང་། མུན་ནག་གློག་དང་བཅས་པ་ནི།། དེ་མ་ཐག་ཏུ་འཇིགས་དང་བྲལ།། བསམ་པ་ཁྲོ་བ་མེད་པར་གནས།། ལྷ་རྣམས་ཐམས་ཅད་དང་ཚངས་པས་བཅོམ་ལྡན་འདས་ལ་ཕྱག་བྱས
278b3 བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་འགྱུར་ཏོ། ། བདུད་ཀྱི་སྡེ་དེ་རྣམས་ཀྱང་ཅང་མི་སྨྲ་བའི་ཚུལ་གྱིས་སོང་ངོ་།། སྟོན་པས་ཉན་ཐོས་བསྟན་པ་ལ་དགའ་བ་རྣམས་བོས་ཏེ།། དེ་ཡང་འཇིགས་པ་མེད་བྱེད་དང་།། དག་པའི
278b4 སངས་རྒྱས་བསྟན་པ་ལ། ། འཇིགས་མེད་འདོད་ཆགས་བྲལ་བ་ནི།། དེ་ཡི་བ་སྤུ་གཡོ་བ་མེད།། གཡུལ་ནི་ཀུན་ལས་རྒྱལ་བ་དང་། འཇིགས་པ་འདས་ཤིང་གྲགས་པར་ལྡན། ལྷ་དང་ལྷན་ཅིག་བརྗོད་པ་དང་།།
278b5 ཉན་ཐོས་རྣམས་ནི་དེར་གནས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འདུས་པ་ཆེན་པོའི་མདོ་རྫོགས་སྷོ།།
278b6 རྒྱ་ག་སྐད་དུ། མེ་ཏི་སཱཏྲ། བ་སྐད་དུ། བྱམས་པའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། སྟོན་པ་དུས་གཅིག་ན་སེར་སྒྲའི་གཞི་དང་། ནྱ་གྲོ་དྷའི་ཀུན་དགའང་བ་དང་།
278b7 ཆུ་ཟུང་རོ་ཅན་ལ་འགྲམ་ན་བཞུགས་ས།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་མ་འོངས་པའི་རྒྱལ་བ་དེའི་ཕྱིར་བཅོམ་ལྡན་འདས་ལ་ཞུས་པ། ཁྱེད་ཀྱི་རྗེས་བསྟན་པ་ཐོ་སྙན་ནེ། ཅི་འདྲའི་སངས་རྒྱས་སུ་འགྱུར་བར།
278b8 སྤྱན་ལྡན་ཡོངས་སུ་རྒྱས་པར་ནི།། བདག་ནི་རབ་ཏུ་ཉལ་བར་འདོད།། གནས་བརྟན་ཞུས་པ་གནས་ནས་ནི།། བཅོམ་ལྡན་འདས་ཀྱིས་ལེག་གསུངས་པ།། བསོད་ནམས་ཕུང་པོ་མི་ཉུང་བའི།། གྲགས་པ་ཆེན་པོ་མི་ཕམ་པའི།།




iiif viewer powered by OpenSeadragon

278a - 279a

Texts on this page

Q750 - 'dus pa chen po'i mdo
Q751 - byams pa'i mdo