e-texts navigator
Collection
Volume
Page
Wylie

26a1 བ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ
26a2 པར་གནོན་པ། བཅོམ་ལྡན་འདས་ཀྱི་ལྷར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཤེས་རབ
26a3 ཀྱི་ཕ་རོལ་ཏུབྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཞེས་ཟེར་བ་ནི། རབ་ཀྱི
26a4 རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་ཐམས་ཅད་ལས་འདས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན
26a5 ཤེས་རབ་ཀྱི་ཕ་རོལ་ཏུ་ཞི་ནི་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། འདིའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས
26a6 བརྗོད་པར་མྱི་ནུས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར
26a7 གནོན་པ་ཤེས་རབ་ཉིད་ཀྱང་དེ་བཞིན་གཤེགས་པས་མ་བརྙེས་མ་དམྱིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་དམྱིགས་པར་གལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཅེས་བྱ་བ་འདི་ནི་ཆོས
26a8 ཐམས་ཅད་ཀུན་ཏུ་ཤེས་པ་འདི་ནི་ཆོས་ཐམས་ཅད་ཀུན་ཏུ་རིག་པ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཀུན་ཏུ་རིག་པ་གང་ཞེ་ན། ཆོས་འདི་དག




iiif viewer powered by OpenSeadragon

25b - 26b

Texts on this page

Q736 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa