e-texts navigator
Collection
Volume
Page
Wylie

24b1 སྡིག་པའི་ལས་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་རྣམས་ཀྱི་སླད་དུ་མ་ལགས། བདག་ལ་སྟོད་པ་རྣམས་ཀྱི་སླད་དུ་མ་ལགས། གཞན་ལ་སྨོད་པ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་དང་བསྐུར་སྟི་ལ་གདུ་བ་རྣམས་ཀྱི
24b2 སླད་དུ་མ་ལགས། ལྷུང་བཟེད་དང་།། ཆོས་གོས་ལ་ཆགས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཆོས་པ་རྣམས་ཀྱི་སླད་དུ་མ་ལགས། ཁགས་གཅན་རྣམས་ཀྱི་སླད་དུ་མ་ལགས།། གཞོག་སློང་ཅན་རྣམས
24b3 ཀྱི་སླད་དུ་མ་ལགས། ཐོབ་ཀྱིས་འཇལ་བ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་ལས་རྙེད་པ་སྒྲུབ་པ་རྣམས་ཀྱི་སླད་དུ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་རྣམས་ཀྱི་སླད་དུ་བདག་དེ་བཞིན
24b4 གཤེགས་པ་ལ་ཞུས་པ་མ་ལགས་སོ། ། བཅོམ་ལྡན་འདས་སེམས་ཅན་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་དང་། ཆགས་པ་མ་མཆིས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། མི་མཉམ
24b5 པ་དང་མཉམ་པའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་ཚོལ་བ་དེ་དག་དང་། གང་དག་བདག་དང་ཕ་རོལ་ཀྱང་མྱི་དམྱིགས་ན། བདག་ལ་སྐྲོད་པ་དང་། གཞན་ལ་སྨོད་པ་ལྷ་ག་ལ་མཆིས་ཏེ། བཅོམ་ལྡན
24b6 འདས་དྲ་བཅད་པ་ལྟ་བུར་ང་རྒྱལ་མ་མཆིས་པ། ཟུག་རྔུ་ཕྱུང་བ། གདོལ་ཕྲ་ལྟ་བུར་སེམས་དམའ་བ། སེམས་ས་དང་ཆུ་དང་མྱེ་དང་། རླུང་དང་། ནམ་མཁའ་དང་མཚུངས་པའི་སེམས་ཅན་རྣམས་དང་།
24b7 བྱང་ཆུབ་སེཔས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་ལགས་སོ།། བཅོམ་ལྡན་འདས་གང་དག་ཆོས་ཀྱང་མྱི་དམྱིགས་ཤིང་། རློམ་སེམས་སུ་མྱི་བགྱིད་ལ
24b8 མངོན་པར་ཞེན་པ་མ་མཆིས་ན། ། ཆོས་མ་ལགས་པ་ལྟ་ག་ལ་མཆིས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། བཅོམ་ལྡན




iiif viewer powered by OpenSeadragon

24a - 25a

Texts on this page

Q736 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa