| | e-texts navigator
|
113b1 ཆོས་ཀྱི་སྣང་བ་བྱེད་པར་འགྱུར། དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་དགའ་བ་བདུན་པོ་མྱོང་བར་འགྱུར་རོ།། གང་ཆོས་ཀྱི་ནམ་གྲངས་འདི་ལས་ཚུལ་གཅིག་ཙམ་འཛིན་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ལྡན
113b2 པར་འགྱུར་ན། གང་ཐམས་ཅད་རྫོགས་པར་བྲིས་པ་དང་། འཛིན་པ་དང་། འཆང་བ་དང་། མཆོད་པ་དང་། རྒྱས་པར་བྱེད་པ་ལྟ་ཅི་སྨོས།། ཆོས་ཀྱི་རྣམ་གྲངས་འདིས་མིའི་དབང་པོ་དང་མི་ཅང་ཤེས་དེ་དག་གཟུང་བར་འགྱུར་རོ།།
113b3 འདི་ནི་ཅིང་ཤེས་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར་ངས་དེ་དག་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ
113b4 སེམས་དཔའ་དུམ་དཔག་ཏུ་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་དག།
113b5 བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་བཞིན་གཤེགས་པ་ས་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། འཁོར
113b6 བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
113b7 མངོན་པར་བསོད་དོ། ། ། ཕན་ཡོན་གྱི་ལ་ལ་ཞེས་བགྱི་སྟེ་བཅན་པའོ།། ། འཕགས་པ་རབ་ཀྱི་ཟིལ་གྱིས་རྣམ་པར་གནོན་པས་ཞུས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་སྷོ།།
113b8 བྷ་གར་གྱི་མཁན་པ་ཤཱི་ལི་ན་པོ་བྷི་དང་། ཛིན་སི་དྲ་དང་། ཞུརྒྱན་གྱི་ལོ་ཆུབ་པ་ན་དེ་ཡེ་ཤེས་སྡེས་བསྡུ་ཅིང་ཞུས་ཏེ། སྐང་གསར་ཆད་ཀྱིས་ཀྱང་བཙོབ་ནས་གཏན་ལ་བབ་པ།
iiif viewer powered by OpenSeadragon
113a - 114a