e-texts navigator
Collection
Volume
Page
Wylie

112b1 འདིས་བདུད་ཀྱི་ཞགས་པ་ཐམས་ཅད་བཀུམ་མོ། ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བདུད་སྡིག་ཅན་གྱིས་འཇིགས་སོ་སྙམ་དུ་དོགས་པར་མི་བགྱིའོ།། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་།
112b2 གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བདུད་སྡེ་དང་བཅས་པ་ལས་རྒལ་བར་འགྱུར་ལགས་སོ།། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། གཞན
112b3 ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ནི། བདུད་སྡིགཅན་སྡེ་དང་བཅས་པ་ལས་རྒྱལ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད
112b4 ཅེས་བཀའ་སྩལ་ཏོ། ། དེ་དེ་བཞིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན་ཏེ། ལྷའི་བུ་དེ་དག་གིས་ཚིག་ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས
112b5 ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་མཚམས་གཅད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་།
112b6 གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ།།
112b7 གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་ཆོམས་པར་འགྱུར། གཡུལ་ལས་རྒལ་བར་འཟུར
112b8 རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ནས་ཉོན་མོངས་པ་ཅན་དང་། བདུད་ཀྱི་ཞགས་པས་བཅིངས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར




iiif viewer powered by OpenSeadragon

112a - 113a

Texts on this page

Q736 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa