e-texts navigator
Collection
Volume
Page
Wylie

54b1 ཤུགས་དང་། གྲུབ་པ་རྣམས་ཀྱི་རྨོངས་བྱེད་དང་། མ་མོའི་ཚོགས་རྣམས་ཀྱི་གཅོད་པ་དང་། ཀླུ་རྣམས་ཀྱི་དམ་ཚིག་དང་། དྲུག་དང་། ཁྲོ་བོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མིའམཅི་དང་། ཤཟ་དང་། འབྱུང་པོ་དང་།
54b2 ཚངས་པའི་སྲིན་པོ་དང་། གྲལ་བུས་དང་། བདེན་བྲལ་དང་། གནོན་པོ་དང་། རོ་ལངས་ཀྱི་སྐབས་སུ་རྒོལ་བ་རྣམས་དང་། དེ་བཞིན་དུ་ཐམས་ཅད་ཀྱང་སྦྱོངས་ཤིག། མིག་གི་འཛུམ་པ་ཙམ་གྱིས་ཡུད་ཙམ་ལ་ཐམས
54b3 ཅད་མཆོད་ནས་ལག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ཏེ་སྨྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མཱ་དྷིརྨཱ
54b4 ར་ཎཱི། མ་ཧཱ་ཨ་བར་ཏ་ཡི་ཤྱ་མི། ཨ་ཊི་ལེ། ཀོ་ཊི་བཱ་བ་ཀཱ་ཀུ་ལ་ཤི་ཁི། ཀ་བི་ལ་ཀེ་ཤི། ཏ་ཊི་ཙི་ཊ་ཙི་ཊི་མ་ཊ་ནི། ཀརྒ་ཌ་མུ་ཊི་བད་ཊི་བཛྲེ། མ་ཧཱ་བི་དྷུ་ལ་ལོ་ལ། བུ་གུ་བུ་ལུ། སུ་མུ་སུ་མུ། ས་ར་ས་ར། སྭ་ཊ་སྭ་ཊ།
54b5 སུ་དྱོ་ཏེ། བིང་ག་ལེ་ཙི་ཊེ། བི་ཙ་ཊི། ཛྭ་ལ་བི་ད་ག་ལེ། སརྦ་དེ་བ་ག་ན། པྲ་ཧ་ར་ཎ་མཱ་ཡཱ། སིད་དྷྱ་དཱ་ཡི་གེ། སུ་རེ་ཀེ། ཀུ་རུ་ཀེ་བཛྲ་གྷོ་ཎ། བཛྲ་ཌིཌྷ། སཱ་ར་པྲ་ཧ་ར་ཎེ། རང་ན་ཏྲ་ཡ། དཀྲ་ལ་བུད་དྷེ་ཏེ། བཛྲ་དྷ་ར་བི་ཤྭ་ས
54b6 ནི་ཀ། ཨ་པྲ་ཏི་ཧ་ཏ་པྲ་མརྡ་ནི་སྭཱ་ཧཱ། གང་གསང་སྔགས་འདི་རྗེས་སུ་དྲན་ནས་གློག་གམ། སྒོམ་འམ། འཛིན་པ་དེ་ཐོས་ན་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ།། འཇིག་རྟེན་པ་དང་། འཇིག་རྟེན
54b7 ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། ། དམ་ཚིག་དང་ཕྱག་བརྒྱ་ལ་ཞུགས་པར་འགྱུར་རོ།། བསམ་པ་དང་རྗེས་སུ་ཡི་རད་བས་འགུག་པར་བྱེད་དོ།། དུག་དང་གསང་སྔགས་དང་།
54b8 མདུད་པ་དང་། རྡེག་པ་དང་། འཆིང་བའི་འཇིགས་པ་ལ་སོགས་པས་རྣམ་པར་སྐྲག་པར་བྱེད་དོ།། དེ་ནས་ལྷ་དང་ལྷའི་བུ་དེ་དག་གིས་དེའི་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆད་དེའི་རྣམ་པར་རོལ་པ་དང་། བཅོམ




iiif viewer powered by OpenSeadragon

54a - 55a

Texts on this page

Q579 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs