e-texts navigator
Collection
Volume
Page
Wylie

53b1 ད། དི་དང་། མངས་པར་སྤོང་པ་དང་། གས་མ་དང་། ཡོད་པ་དང་། རྡུལ་ཐམས་དང་། བརྟུལ་ཞུགས་དང་། དགའ་བྱབ་དང་། དྲན་ལངས་སུ་ཐམས་ཅ་ལས་བྱུང་བའི་ལས་གྱུ་པ་ང་རྗེ
53b2 སེམས་དཔའ་ཕག་ན་རྡོ་རྗེ་འི་ལག་ཏུ་བྱིན་ནོ། ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གས་རབ་ཀྱི་ཆོས་སྟོན་པར་གྱུར་པ་དགྲ་བཅོམ་པ་རྣམས་ཀྱི་ཆོས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་བྱེད་པ་བྱ
53b3 སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། སྙིང་རྗེ་བྱེད་པ། རང་གི་རྡོ་རྗེ་དང་། རིགས་ཀྱི་རིག་པ་དང་། དཀྱིལ་འཁོར་དང་། ཀླགས་པའི་ཚུལ་དུ་གྱུར་པ་དྲག་པོ་དང་། དབང་པོ་དང་།
53b4 གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་གདུལ་དཀའ་བ་རྣམས་འདུལ་བ་སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད་པ། སྒྲ་དང་ལྡན་པ་རྣམས
53b5 རྨུགས་པར་བྱེད་པ། སྡང་བ་རྣམས་སྐྱོད་པ། རྨོངས་པ་རྣམས་འཇིག་པ། དམ་པོ་རྣམས་རྩང་ནས་འདོན་པ། རྒྱས་པ་རྣམས་སྒུར་མར་ཀློག་པ། ཡོན་པོ་རྣམས་སྲོང་པ། གཅོད་པ་རྣམས་སྙིང་རྗེས་བྱེད་པ། འབྱུང
53b6 པོ་རྣམས་སྐྲག་པར་བྱེད་པ། སྲིན་པོ་རྣམས་སྤངས་པར་བྱེད་པ། རང་གི་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི་གསང་སྔགས་རྣམས་ཕུར་བུས་འདེབས་པ། ནུབ་པ་རྣམས་སྟོན་པར་བྱེད་པ། གསོད
53b7 པར་བྱེད་པ། གསོད་པ། གནོད་པར་བྱེད་པ་ཕུང་པར་བྱེད་པ་དེ་དེར་སོང་ནས་ལྷ་རྣམས་དང་། ལྷའི་བུ་རྣམས་དབང་དུ་བྱེད་དེ། དེ་ལྟར་དྲག་པོ་པ་དྲག་པོ་གྲུབ་པ་དང་། ཁྱབ་འཇུག་པ་ཁྱབ་འཇུག་གྲུབ་པ་དང་། ལྷ་མ
53b8 ཡིན་པ་ལྷ་མ་ཡིན་གྲུབ་པ་དང་། དེ་དག་སྤྱིར་སྤྲུལ་ཞིང་དཀྱིལ་འཁོར་དུ་འཇུག། བསྐྱོད་པར་བྱེད། མཐུ་སྟོན་པར་བྱེད། རྗེད་པར་བྱེད། རྣམ་པར་སྐྲག་པར་བྱེད་དོ།། སྟོབས་བཅུས་དགོངས་པ་བཀའ་སྩལ་བའི་རྡོ་རྗེ




iiif viewer powered by OpenSeadragon

53a - 54a

Texts on this page

Q579 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs