e-texts navigator
Collection
Volume
Page
Wylie

53a1 རྡོ་རྗེ་གནོན་པ་རྣམས་དང་། རྡོ་རྗེ་རྫིལ་མ་ངན་བྱེད་རྣམས་ཡང་དག་པར་སྦལ། རྣམ་པར་སྤྲུལ་ནང་འཁར་གྱི་ཁྱམས་ཆེན་པོར་འདུས་པ་ཐམས་ཅད་ལ་ཀུན་དུ་སྣང་བར་བྱེད། རྣམ་པར་སྣང་བར་བྱེད།
53a2 གསལ་བར་བྱེད། རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང་དག་པར་སྤྲུལ། སོ་སོར་སྐུལ་ཞིང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བླ་གོས་བུད་ནས་ཞབས་ལ་ཅོད་པན་གྱིས་གཏུགས
53a3 ལན་གསུམ་དུ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་དེ། རྡོ་རྗེ་འཆང་ཁྱོད་སོང་ལ་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན
53a4 རྣམས་དང་ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ནམ་མཁའ་ལྡིང་གི་བུ་རྣམས་དང་། འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་། 16
53a5 ཐག་པ་མྱོང་བ་རྣམས་ཀྱི་བསམ་པ་རྫོགས་པར་གྱིས་ཤིག། དེ་ནས་རྡོ་རྗེ་འཆང་སྟན་ལས་ལངས་ཏེ། ལྷ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། འབྱུང་པོའི་ཚོགས་ཀྱི་ནང་དུ་སོང་ནས་རྗེས
53a6 སུ་སྟོན་ཅིང་རྡོ་རྗེ་མཚོན་ཆའ་མ་སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མེ་ལྕེ་འབར་བའི་འོད་འཕྲོ་བ་དང་། མེ་སྟུག
53a7 རྣམ་པར་འགྲོ་བ་དང་། ལྕེ་འདབས་པའི་ཀློག་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་གཟིར་ཏོ།། དེ་ནས་བསལ་པ་ཆེན་པོ་ལྡར་རྨིལ་མ་དང་། ཆུང་ང་ག་ཀའི་ཀླུང་གི་བྱེ་མའི་གྲངས་ཀྱི་མ་ཙ་མདག་གས




iiif viewer powered by OpenSeadragon

52b - 53b

Texts on this page

Q579 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs