| | e-texts navigator
|
49b1 པའི་ཆ་མཆོད་པ་བགྱིས་ལ་མང་བརྒྱད་པ་ཀླག་པར་བགྱིའོ། ། ཐགས་ན་བདག་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ།། བགེགས་ཀྱང་འབྱུང་བར་མི་འགྱུར་ལ་ལྷ་རྣམས་ཀྱང་དག
49b2 ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ། ། ཉལ་བའི་ཚེ་བླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུལ་ན་འབུམ་དུ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད
49b3 ལས་གྲོལ་བར་འགྱུར་རོ། ། མཚམས་མེད་པ་ལྔ་བགྱིད་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་བདག་མཆིའོ།། ཡང་ལན་དབུ་མ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་རོ།།
49b4 ལག་ན་རྡོ་རྗེའི་མཚན་བརྒྱད་པོ་གསང་སྔགས་དང་བཅས་པ་རྫོགས་སྷོ།། །། རྒྱ་གར་ཀད་དྲཱ། ཨརྱ་ཤ་བརྡཛྲ་པ་རྟེན་ཧྲིད་ཡ། བད་ཀང་དུ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། སངས་རྒྱས་དང་།
49b5 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ
49b6 བན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་བཅུའི
49b7 མིང་ཤེས་སམ། རུས་ཤེས་སམ། གསང་སྔགས་ཤེས་པ་དེ་ལ་བྱེད་ཀྱིས་མི་ཚུགས་སོ།། གནོད་སྦྱིན་དག་རྣམ་པར་འཆི་བར་མི་འགྱུར་རོ།། སྲིན་པོ་རྣམས་དང་། ལྷག་མ་ཟ་བ་རྣམས་དང་། བདུག་པ
49b8 བ་རྣམས་འཚེ་བར་མི་འགྱུར་རོ། ། བྱིས་འཇོག་པ་རྣམས་ཀྱང་གནོད་པར་མི་འགྱུར་རོ།། ཏད་ཡ་ཐཱ། ཨུ་ཀི་ར་མ་ཀི་རི། མ་རཱི་ཙ་པརྞ་ཤ་པ་རི། ཨུ་ལི་མེ། མི་ལི་མེ། ཨི་ལི་མེ། མི་ལི་མེ། ཨི་ལི་མེ། མི་ལེ་མེ།
iiif viewer powered by OpenSeadragon
49a - 50a