e-texts navigator
Collection
Volume
Page
Wylie

48a1 འཐུན་པ་མ་ཡིན་དང་། ། ནོར་འགྲིབས་པས་ནི་གནོད་པ་དང་།། མྱ་ངན་ངལ་ལས་གནོད་པ་དང་།། འཇིགས་པ་དང་ནི་ཕོངས་པ་དང་།། གཟའ་དང་རྒྱུ་སྐ་དབྱད་སྙེམས་དང་། མི་བཟང་གདོན་གྱིས་ཉེན་པང
48a2 མྱ་ངན་ངལ་ལས་བྱུང་བ་ཡི། ། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེས་ནི་རབ་བཀྲུས་གཙང་མ་ཡིན།། མདོ་སྡེ་དམ་པ་ཉན་པར་བྱ། གང་དག་ཡིད་དགེ་སེམས་དང་ཞིང་།། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ
48a3 སངས་རྒྱས་སྤྱོད་ཡུལ་བ། ། མདོ་སྡེ་འདི་ནི་ཉན་བྱེད་ན།། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་དག་ནི་ཐམས་ཅད་ཀྱི།། མི་བཟད་པའི་ནད་རྣམས་ཀྱང་།། དེ་དག་ཐམས་ཅད་ཞི་བར་བལྟ།། ཚེ་དང་བསོད་ནམས
48a4 འཕེལ་བར་འགྱུར། ། སྡིག་པ་ཀུན་ལས་རྣམ་པར་གྲོལ།། ནོར་བུ་ཡུངས་དཀར་དུང་བ་དང་།། རིན་ཆེན་རྨ་མེད་ཅན་དན་བཅས།། ཤེལ་དང་རྡོ་རྗེ་མེ་ཏོག་དང་།། ཆུ་ཡིས་གསེར་རམ་ཡང་ན་ནི།། དངུལ་གྱི་བུམ་པ་དག་ཀྱང
48a5 རུང་། གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། ལན་དྲངས་ཉི་ཤུ་རྩ་གཅིག་གམ།། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད།། རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག། རྡོ་རྗེ་རྣམ་པར་འཇོམས
48a6 པ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། །། རྒྱ་གར་གྱི་མཁན་པོ་ཛི་ནེ་མི་ཏྲ་དང་། དཱན་ཤཱི་ལ་དང་། བོད་གྱི་ལོ་ནུབ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ།། ། འཕགས་པ་ལག་ན་རྡོ་རྗེའི།
48a7 མཚན་བརྒྱད་པོ་གསང་སྔགས་དང་བཅས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང
48a8 ནས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་འཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག




iiif viewer powered by OpenSeadragon

47b - 48b

Texts on this page

Q574 - rdo rje rnam par 'joms pa zhes bya ba'i gzungs
Q575 - 'phags pa lag na rdo rje mtshan brgyad pa gsang sngags dang bcas pa