e-texts navigator
Collection
Volume
Page
Wylie

47a1 ཞུགས་སོ། ། དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། མི
47a2 ཆོད་པ། མི་ཤོགས་པ། བདེན་པ། སྲབ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཐམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས
47a3 ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན
47a4 ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད
47a5 པཐམས་ཅད་རབ་ཏུ་བྱིན་པ། སེམས་ཅན་ཐམས་ཅད་སྲུང་བཞི་པ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས
47a6 ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲཊ་ཏྲཊ། ཏྲོ་ཊ་ཡ་ཏྲོ་ཊཱ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཪྴ་གྷཱ་ཪྵ། གྷཱརྞྞ་པ་ཡ
47a7 བྷུཪྵཱ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་བོ་དྷ། སཾ་མོ་དྷཱ་ཡ་ས~ཾ་བོ་དྷཱ་ཡ། བྷྲ་མ་བྷྲ་མ། སཾ་བྷུ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲཱུཾ་ནཾ། གྷ་ཊ་གྷ་ཊ། ས~ཾ་གྷ་ཊ་ཡ། ས~ཾ་གྷ
47a8 སརྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མཱ་ཐ་བཛྲ་བཛྲ། ཨཊ་ཏ་ཧཱ་ས་བཛྲ་བཛྲ། ནི་ལ་བཛྲ། སུ་བཛྲ་བཛྲཱ་ཡ་སྭཱ་ཧཱ། ཧེ་བུ་ལུ་ན་རུ་ཕུ་ལུ། གྲྀ་ཧྞ་ཀུལླུ། མི་ལི་ཙུ་ལཱུ།




iiif viewer powered by OpenSeadragon

46b - 47b

Texts on this page

Q574 - rdo rje rnam par 'joms pa zhes bya ba'i gzungs