e-texts navigator
Collection
Volume
Page
Wylie

268a1 བཏི། ཙིན་ད་མ་ཎི་མ་ཧཱ་བ་དུ་མེ་རུ་རུ་ཏིནྟ། ཛྭ་ལ་ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། རྩ་བའི་སྔགས། རྫོགས་སྷོ།། །། ཨོཾ་བ་དུ་མོ་ཙན་དམ་ཎི་ཛྭ་ལ་ཧཱུཾ། སྙིང་པོའོ།། ཨོཾ་བྷ་རང་པ་དུ་མ་ཧཱུཾ།། ཉེ་བའི་སྙིང་པོའོ།།
268a2 ཨོཾ་མ་ཎི་བརྗོན་དྷ། གསང་བའི་སྙིང་པོའོ།། སྔགས་སྙིང་བཞིན་དུ་འབྱུང་། སྤྲིན་ལམ་དང་ཚིགས་སུ་བཅད་པ་དང་སྔགས་སུ་བཅས་པ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་བྷདྲཱ་ཙཱི་རྱཔྲ་ཎི་དྷཱན་རཱང་།
268a3 བོད་སྐད་དུ།། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ།། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། དུས་གསུམ་གཤེགས་པ
268a4 མི་ཡི་སེང་གེ་ཀུན། ། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ།། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ།། ཞིང་གི
268a5 རྡུལ་སྙེད་ལུས་རབ་བཏུད་པ་ཡིས། ། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། དེ་ལྟར་ཆོས་ཀྱི་དབྱིངས་རྣམས
268a6 མ་ལུས་པ། ། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣ་མས།། དབྱངས་ཀྱི་ཡན་ལག་རྒྱ་མཚོ་སྒྲ་ཀུན་གྱིས།། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་།། བདེ་བར་གཤེགས
268a7 པ་ཐམས་ཅད་བདག་གིས་བསྟོད། ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་།། སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་།། མར་མེ་མཆོག་དང་བདུག་པ་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི
268a8 ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། ། ཕྱེ་མའི་བུར་མ་རི་རབ་མཉམ་པ་དང་།། བཀོད་པའི་ཁྱབ་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། མཆོད་པ་གང་རྣམས་བླ་མེད་རྒྱ




iiif viewer powered by OpenSeadragon

267b - 268b

Texts on this page

Q715 - 'phags pa spyan ras gzigs dbang phyug yid bzhin gyi nor bu'i rtog ba las smon lam 'byung ba
Q716 - 'phags pa bzang po spyod pa'i smon lam gyi rgyal po