e-texts navigator
Collection
Volume
Page
Wylie

266a1 རྣམས། ། གྲོང་ཁྱེར་འདིར་ནི་གཏོངས་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར།
266a2 ཤོག། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྕགས་གྱུར་ཅིང་།། ས་དང་བར་སྣང་དག་ལ་གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ
266a3 བྱས་བྱེད་གོ། ན་འདུལ་ན་ས།། ག་པ་ས་ཀྱི་དུ་པ་འ་ན་གས། རྒྱག་ཀྱི་རྫུ་ཉིད། ཀུན་བ་ཊཱི་ཤེས་བ་མྦུ་ཅི་ཤུ་གན་ས་སོ།། མག་ལ་རྫུན་མ་གས་དང་རྫུན
266a4 བཞིན་གྱི་ནོར་བུའི་རྟོག་པ་ལས་སྨོན་ལམ་འབྱུང་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག
266a5 འཚལ་ལོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ།། བཙུན་པ་སྤྱན་རས
266a6 གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་དགོངས་སུ་གསོལ། ། འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག
266a7 བསྔལ་མི་བཟང་བ་ཐམས་ཅད་ཞི་ཞིང་རྒྱུན་ཆད་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ།། འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས
266a8 རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་དང་། གནོད་པ་དང་། ཕྱིར་རྒོལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཟུགས་རྗེ




iiif viewer powered by OpenSeadragon

265b - 266b

Texts on this page

Q714 - 'phags pa yangs pa'i grong khyer du 'jug pa'i mdo chen po
Q715 - 'phags pa spyan ras gzigs dbang phyug yid bzhin gyi nor bu'i rtog ba las smon lam 'byung ba