e-texts navigator
Collection
Volume
Page
Wylie

258a1 འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་ནག་མོ་ཆེན་མོས་གསོལ་བ། བཙུ་ནུ་བ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་རི
258a2 བ་འདི་འབུལ་ན་བདག་གི་དེ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ཡུམ་གཤིན་རྗེའི་ལུམ་མོ་ལྷ་མོ་ནག་མོ་ཆེན་མོས་སྟེང་དུ་ནི་གཞན་འཕྲུལ་དབང་བྱེད་ལ
258a3 ཐུག་པ་མན་ཆད་བཅིང་བར་བྱའོ། ། འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་བར་བྱའོ།། ཐད་ཀ་ཁོར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་བར་བྱའོ།། དེའི་སྔགས་འདི་དག་ཀྱང་བཟླས་པར་བྱ
258a4 སྟེ། ཏདྱ་ཐཱ། ཨོཾ་རུ་རུ་བྷེ་ཏིཥྛ་བུད་དྷོ་སི་རུ་རུ་རོ་རུ་བེ་ཏིཥྛ་བད་དྷོ་སི་སྭཱཧཱ། འདི་བཏོན་པས་རིམས་དང་། ནད་དང་། མིངས་དང་། ཉེས་པ་ཐམས་ཅད་དང་། མཛེ་དང་། ཕོལ་མིག་དང་། གཡན་པ་ལ་སོགས་པའི་ནད་ཐམས་ཅད
258a5 ཞི་བར་འགྱུར་རོ་སྭཱ་ཧཱ། ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཤྲཱི་དེ་བི་ཀཱ་ལི་ནཱ་མ་ཨཥྚ་ཤ་ཏ་ཀ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ། སངས
258a6 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། རྒྱུ་དང་འབྲས་བུའི་བྱང་ཆུབ་སེམས
258a7 དཔའ་ཐམས་ཅད་ལ་བདེན་པའི་མཚན་རྣམས་སྟོན་པར་མཛད་དོ། ། དེའི་ཚེ་དཔལ་ལྷ་མོ་ནག་མོ་ཆེན་མོ་ཡང་བཅོམ་ལྡན་འདས་ཀྱི་ཐང་དུ་སོང་སྟེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི
258a8 སྤྱན་སྔར་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེང་གེ་བརྩོན་འགྲུས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྲིན་མོའི




iiif viewer powered by OpenSeadragon

257b - 258b

Texts on this page

Q708 - lha mo nag mo chen mo'i gzungs
Q709 - dpal lha mo nag mo'i mtshan brgya rtsa brgyad pa