| | e-texts navigator
|
256a1 པོ་ལ་མདུ་པ་དང་།། དེ་བཞིན་དུ་བྱབ་པ་ཡང་བྱའོ།། འཐུང་པོ་ཐམས་ཅད་དང་། བརྡད་བྱེད་དང་། སེམས་རྣམ་པར་གཡང་བྱེད་ལ་སོགས་པ་དང་། དྲག་བྱིན་པདང་། དག་ཟླས་པ་དང་། རྐང་གཉིས་པ་།
256a2 རྐང་བཞི་རྣམས་ལ་ཀུན་ཏུ་འགྲོ་བ་གྲུབ་པའི་མཆོག་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད
256a3 རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། བན་དྷེ་ཡེ་ཤེས
256a4 སྙིང་པོ་སྡེས་བསྒྱུར། རྒྱ་གར་གྱི་མཁན་པོ་བིད་དྱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་བོ།། ། རྒྱ་གར་སྐད་དུ། ཨཱརྱ་ག་ཎ་བ་ཏི་ཧྲི་ད་ཡ། བོད་སྐད་དུ། འཕགས
256a5 པ་ཚོགས་ཀྱི་བདག་པོའི་སྙིང་པོའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི
256a6 རིལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ
256a7 ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་ཚོགས་ཀྱི་བདག་པ་ཆགས་ཀྱི་དབང་ཕྱུག་གི་སྙིང་པ་འཛིན་ན་དའི་ལས་ཐམས་ཅད་གྲུབ་པར་འགྱུར་རོ།། དེ་བཟུང་བས་དགོངས་པ་འཐུབ་ཅིང་གས་སྡུ
256a8 ཐམས་ཅད་ཀྱང་དངོས་གྲུབ་ཏུ་འགྱུར་རོ། ། ཏདྱ་ཐཱ། ན་མོ་སྟུ་ཏེ་མཧཱ་ཀ་ཎ་བ་ཏ་ཡེ་སྭཱ་ཧཱ། ཨོཾ་ཀ་ཊ་ཀ་ཊ། མ་ཊ་མཊ། དར་ད་ར། བི་དིར་བི་ད་ར། ཧ་ན་ཧ་ན། གྲིཧྞ་གྲྀཧྞ། དྷཱུ་བདྷཱ་བ། བྷཻ་ཛ་བྷཾ་ཛ། སྟ་བྷ་སྟཿ། ཛ་བྷ་ཛཿ
iiif viewer powered by OpenSeadragon
255b - 256b