e-texts navigator
Collection
Volume
Page
Wylie

252b1 ཆེན་པོ་བདུན་བཏང་བར་གྱུར་ཏོ།། དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས། དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་དོ།། དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་ནས། དེ་དག་ཚེ་དང་ལྡན་པ་ཀུན་དགའ
252b2 བོག་ལ་བདེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བའི་ལུས་ལ་རེག་གོ།། རེག་མ་ཐག་ཏུ་ཀུན་དགའ་བ་དེ་སྡུག་བསྔལ་མི་བཟད་པ། དྲག་པ་ཚབ། ཤི་འཐུག་པའི་ཚོར་བ་རྣམས་དང་ལྡན་པར་གྱུར་ཏོ།། དེ་ན
252b3 ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། བདག་ནི་སྡུག་བསྔལ་མི་བཟད་པ། དྲག་པ། ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་ན་བཅོམ་ལྡན་འདས་དེས་མ་དགོངས་སོ།། བདག་འདི་ལྟར་ཉམ་ང་བར་གྱུར་ན
252b4 དེ་བཞིན་གཤེགས་པས་མ་དགོངས་སོ་སྙམ་མོ། ། དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐག་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ།། ཚེ་དང་ལྡན་པ
252b5 ཀུན་དགའ་བོ་ཉེ་བའི་ཉོན་མོངས་པ་དེ་ལྟ་བུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཐོས་སོ།། དེ་ནས་དེ་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད
252b6 ཅེས་སྨྲས་སོ། ། ཚེ་དང་ལྡན་པ་ཀུན་དགའ་བོ་སྡུག་བསྔལ་མི་བཟད་བ། དྲག་པ་ཚ་བའི་ཚོར་བ་མྱོང་ནས་བདག་ལ་དེ་བཞིན་གཤེགས་པས་མ་དགོངས་སོ་ཞེས་ཅི་དེ་སྐད་སྨྲའམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན
252b7 བཀུན་དགའ་བོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་བདག་བདག་གི་ལུས་ལ་ཚོར་བ་དང་ལྡན་པ་ནི་དཔེར་ན་སོག་ལེས་མགོ་བོ་གཤགས་པ་ལྟར་ཀུན་དགའ་བོ་ལ་རེག་པ་ཡང་དེ་དང་འདྲའོ།། ཀུན་དགའ
252b8 བོ་མ་འཇིགས་ཤིག། བདག་ཅག་གིས་ཁྱོད་ཁྲིའི་སྟེང་དུ་བཞག་སྟེ། དེ་བཞིན་གཤེགས་པའི་དྲུང་དུ་བཀུར་རོ།། བཅོམ་ལྡན་འདས་དེ་ཁྱོད་ལ་ཡོངས་སུ་སྐྱོབ་པ་མཛད་པར་འགྱུར་རོ།། དེ་ནས་ཚེ་དང་ལྡན




iiif viewer powered by OpenSeadragon

252a - 253a

Texts on this page

Q703 - lus kyi zag pa sbyin par gtang ba'i gzungs
Q704 - 'phags pa ro langs bdun pa zhes bya ba'i gzungs