e-texts navigator
Collection
Volume
Page
Wylie

249b1 ཟོཐོས་པའི་སྒོ་ནས་ཡོངས་སུ་དག་ཅིང་། ཤེས་དག་མི་ནོར་བདག་ཚངས་པ་ལྷའི་སྤྱོད་པ་མཆོག་དང་ལྡན་ཞིང་ཡོངས་སུ་རྫོགས་པར་འགྱུར་རོ།། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས། གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག
249b2 བརྒྱ་སྟོང་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་དང་འདྲ་སྟེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གནོད་པ་བྱེད་མི་ནུས་པར་འགྱུར་རོ།། གལ་ཏེ་དགེ་སློང་པ་དང་། དགེ་སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེ་ནམ་གང་ཞིག་སངས
249b3 རྒྱས་དང་། ། ཆོས་དང་། དགེ་འདུན་ལ་མཆོད་པ་བྱེད་པར་འདོད་ན། སྤོས་དང་། མེ་ཏོག་དང་། ཞལ་ཟས་དམ་པ་ལ་གཟུང་སྔགས་འདི་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ། དཀོན་མཆོག་གསུམ་ལ་དབུལ་བར་བྱའོ།། དེ་ནས་རིགས
249b4 ཀྱི་བུ་པོ་དང་རིགས་ཀྱི་བུ་མོ་དེས་ཕུལ་བའི་ཞལ་ཟས་དེས་ལྷ་རྫས་ཀྱི་ཞལ་ཟས་སུ་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱས་པར་འགྱུར་རོ།། དེས་ན
249b5 བསྟོད་པ་དང་། གསོལ་བ་གདབ་པ་དང་། རྗེས་སུ་ཡི་རང་བའི་བསོད་ནམས་དང་ལྡན་པར་འགྱུར་ཏེ། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་དགོངས་པར་འགྱུར་རོ།། ལྷ་མང་པོས་རྟག་ཏུ་སྲུང་ཞིང་སྐྱོབ་པ
249b6 དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། ། དགའ་བོ་ཁྱོད་ཀྱིས་འདིའི་རྗེས་སུ་ཆོས་བཞིན་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཐོས་པར་བྱ་བའི་ཕྱིར་ཡོངས་སུ་རྒྱས་པར
249b7 སྟོན་ཅིག་དང་། བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ།། ཡི་དགས་ཁ་ནས་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས། རྔོ་སྷོ། 5། ག་ད་དདུ་བྲེ་ནཱ་། ཡོ་མད་དདུ་མི་དགས་དྲུ་ཤེགས་ཞེས་བྱ་བའི་གཟུངས། སངས་རྒྱས་དང
249b8 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། སེར་སྣ་ལས་ཆེར་ལྷག་པ། གཞན་གྱི་ལ་འཇུར་འགེགས་བྱས་པའི་ཉེས་པའི་འབྲས་བུ་འདི་ལྟ་སྟེ། འཕགས་པ་ཤཱ་རིའི་བུ་དང་། འཕགས་པ་མཽད་གལ་གྱི་བུ་གཉིས་པས




iiif viewer powered by OpenSeadragon

249a - 250a

Texts on this page

Q701 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs
Q702 - 'jur 'gegs zhes bya ba'i gzungs