| | e-texts navigator
|
249a1 ཏེར་གཏོར་མའི་སྡོང་བླངས་ནས་ལག་པ་བརྒྱང་སྟེ། ས་གཙང་མར་ཐུགས་པར་བྱའོ།། དེ་ལྟར་གཏོར་མ་སྦྱིན་པར་བྱས་ན་ཕྱོགས་བཞི་ནས་ལྷགས་པའི་ཡི་དགས་གང་གའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙིང
249a2 སོསོ་ནས་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མས་གཅལ་བའི་བྲེ་བདུན་བདུནཐོབ་པར་འགྱུར་རོ། ། ཁ་ཟས་དེ་དག་ཡི་དགས་ཀྱིས་ཡིད་བཞིན་དུ་ཟབ་དང་། ཆོ་ག་འདྲངས་པ་དང་། ཡི་དགས་ཀྱི་ལམས་སྤོང་བ་དང་། མཐོ་རིས་ཀྱི་ལྷར་བྱེ་བར
249a3 འགྱུར་རོ། ། དགའ་བོ་གལ་ཏེ་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙོན་ནམ། དགེ་བསྙེན་མ་གང་ཞིག་རྟག་ཏུ་གཟུངས་འདིས་ཁ་ཟས་ལ་བསྔགས་ཏེ་ཡི་དགས་ལ་སྦྱིན་པར་བྱིན་ན་བསོད་ནམས་ཚད་མེད་པ་སྙེད་ཡོངས་སུ།
249a4 རྫོགས་པར་འགྱུར་ཞིང་། དེ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་དང་ཁྱད་པར་མེད་དེ། ཚེ་རིང་བ་དང་། བསོད་ནམས་དང་། མདངས་དང་། སྟོབས་སྐྱེ་ཞིང་འཕེལ་བ་དང་། དགེ་བའི་རྩ་བ
249a5 ཡོངས་སུ་རྫོགས་པ་དང་། མི་མ་ཡིན་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་མ་རུངས་པ་ཐམས་ཅད་ཀྱིས་གཙོ་ཞིང་གནོད་པར་བྱེད་མི་ནུས་པ་དང་། གཞན་ལ་གཟི་བརྗིད་ཚད་མེད་པ་དང་ལྡན་པར་འགྱུར་དོགལ་ཏེ་གང
249a6 ཞིག་བྲམ་ཟེ་དང་དྲང་སྲོང་ལ་སྦྱིན་པ་བྱེད་འདོད་ན། ཁ་ཟས་ཡོངས་སུ་དག་པ་སྣོད་གཅིག་གི་ནང་དུ་བཀང་སྟེ། གཟུངས་སྔགས་འདི་ལ་ན་བདུན་བཟླས་ཏེ་འབབ་ཆུ་གཙང་མར་གཏོར་ན། དེ་ལྟར་བྱས་པས་ལྷ་རྫས་ཀྱི་ཞལ
249a7 ཟས་མཆོག་དམ་པར་འགྱུར་ཏེ། དེས་ན་བྲམ་ཟེ་དང་། དྲང་སྲོང་དེ་དག་ཀྱང་སྔགས་ཀྱིས་བཏབ་པའི་ཟས་ཐོབ་ནས། སྔགས་ཀྱི་བྱིན་གྱིས་སོ་སོ་ནས་སྔོན་ཆད་ཅི་དང་ཙིལ་དགའ་ཞིང་མོས་པའི་དགེ་བའི་རྩ་བའི་བསོད་ནམས
249a8 ཡོངས་སུ་འགྱུར་བས། སོ་སོ་ནས་འཐུན་པར་དུས་གཅིག་ཏུ་དེ་ལ་ཚེ་རིང་བ་དང་། མདངས་དང་སྟོབས་སུ་ལྡན་ཏེ་བདེ་སྐྱིང་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། གཞན་ཡང་མི་དེ་སེམས་བསམ་པ་བཞིན་དུ་མཐོང་བ་དང
iiif viewer powered by OpenSeadragon
248b - 249b