| | e-texts navigator
|
248b1 གས་ཀྱི་ཐམ་ག་ས་ཞག་ང་བར་འད་། བསོད་རྣམས་ཆེ་ཤིང་བས་པ་དང་། ཀུན་སྒྱུ་ངས་ས་རྨུགས་ད་ན།། རྣས་པཔ། ཡང
248b2 ཅད་དུ་བྱས་ཀྱང་བར་ཆད་དུ་འགྱུར་བ་མེད་དོ། ། སྣོད་གཙང་མའི་ནང་དུ་ཆུ་གཙང་ས་ཐུགས་ལ། ཆན་ནས། བྷྲ་འམ།། ཁུར་བ་ལ་སོགས་པཅུང་བ་ཅིག་པ་པ9། ལག་པག་ཡས་པ་སྲིད་ཀྱི་སྟོང་དུ་བཞུག་ལ། གནས་འདི
248b3 ལན་བདུན་པ་སྔགས་ནས་དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པར་བྱའོ། ། དེ་བཞིན་གཤེགས་པ་རིན་ཆེན་མངལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས
248b4 ཀྱིས་ཡི་དགས་ཐམས་ཅད་ཀྱི་སྐྱེ་བ་མང་པོའི་སེར་སྣ་བྱས་པའི་མི་དགེ་བའི་ལས་བཅོམ་ཞིང་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས
248b5 པ་གཟུགས་དམ་པའི་མཚན་ནས་བརྗོད་པའི་བྱིན་གྱི་རླབས་ཀྱིས་ཡི་དགས་མང་པོ་བྱང་གཟུགས་མི་སྡུག་པ་བཅོམ་ཞིང་གཟུགས་དང་མཚན་ཕུན་སུམ་ཚོགས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག
248b6 འཚལ་ལོ། ། དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ཀྱི་མཚན་ནས་བརྗོད་པའི་བྱིན་གྱི་རླབས་ཀྱིས་ཡི་དགས་མང་པོའི་སྒོམ་པ་སྤངས་ཤིང་ཚིམ་པར་གྱུར་ཏེ། སྦྱིན་པའི་གནས་ཡིད་བཞིན་དུ་ཟབ་དང་ཆོག་ཅིང་འདྲངས་པར་འགྱུར
248b7 རོ། ། དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བའི་མཚན་ནས་བརྗོད་པའི་བྱིན་གྱི་རླབས་ཀྱིས་ཡི་དགས་མང་པོའི་འཇིགས་པ་ཐམས་ཅད་དང་བྲལ་ཏེ། ཡི
248b8 དགས་ཀྱི་ཁམས་ཞི་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ལ་སོགས་པས་དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་དེ་བྱིན་གྱིས་བརླབས་པའི་འོག་ཏུ་སེ་གོལ་ལན་གསུམ་བྱས
iiif viewer powered by OpenSeadragon
248a - 249a