| | e-texts navigator
|
248a1 ཨུ0f7f། ། སྙེད་ལ་ཞལ་ཟས་མཆོག་དམ་པ་ཕུལ་ན་ཚེ་རིང་བར་འགྱུར་ཞེས་མཆི་ན། བཅོམ་ལྡན་འདས་བདག་གིས་ཇི་ལྟ་བུར་ཡི་དགས་དང་དྲང་སྲོང་ལ་སོགས་པ་དེ་སྙེད་ཀྱི་འི་ཟས་འབྱོར་བར་འགྱུར། དེ་ནས
248a2 བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་འཇིགས་པར་མ་བྱེད་ཅིག། ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་དང་དྲང་སྲོང་ལ་སོགས་ཐལ་བཟས་དང་། གཏོར་མ
248a3 མང་པོ་འབྱོར་པའི་ཐབས་ངལ་ཡོད་ཀྱིས་ཡིད་ཀློང་བར་མ་བྱེད་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་ལ་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་དབང་དུ་གྱུར་པའི་འོད་ཟེར་རྣམ་པར
248a4 རྒྱལ་བའི་ཤུགས་ཞེས་བྱ་བ་ཡོད་དེ། གང་ཞིག་གིས་གཟུངས་འདི་བརྗོད་ན་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་དང་དྲང་སྲོང་ལ་སོགས་ཏེ། མང་པོའི་ཁ་ཟས་དང་། གཏོར་མ་མཆོག
248a5 དམ་པར་འགྱུར་ཏེ། དེ་དག་ལ་སོགས་པ་གཅག་ཀྱང་ཁཟས་ཡུལ་དཔས་འགྱུར་ཚལ་གྱི་བྲེ་ཚད་མས་གཅལ་བའི་བྲེ་བདུན་བདུན་སྙེད་ཐོབ་པར་འགྱུར་རོ།། དགའ་བོར་ཡང་བྲམ་ཟེར་གྱུར་པ་ན་བྱང་ཆུབ་སེམས་དཔའ་སྤྱན་རས
248a6 གཟིགས་དང་། དེ་བཞིན་གཤེགས་པ་དབང་བསྐུར་ཡོན་ཏན་ཞེས་བྱ་བ་ལ་གཟུངས་འདི་ཐོས་པས་ན། དེའི་དབང་གིས་ཡི་དགས་ཚད་མེད་པ་སྙེད་དང་། དྲང་སྲོང་མང་པོ་ལ་ཁ་ཟས་དང་། གཏོར་མ་བྱིན་པར་འགྱུར་ཏེ། ཡི་དགྲ
248a7 ཀྱི་ཁམས་སུ་སྐྱེས་པ་དེ་དག་སྡུག་བསྔལ་ལས་རྣམ་པར་གྲོལ་ནས་མཐོ་རས་ཀྱི་ལྷར་སྐྱེས་པར་གྱུར་ཏོ། ། དགའ་བོ་ཁྱོད་ཀྱིས་གཟུངས་འདི་ཟུང་ཤིག། བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ་ཞིང་སྐྱེ་བར་འགྱུར་རོ།།
248a8 དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་གཟུངས་སྔགས་འདི་བཀའ་སྩལ་ཏོ།། ནོ་མཿསརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀ་ཏེ། ཨོཾ་ས་མ་བྷ་ར་ས་མ་བྷ་ར་ཧཱུ~ཾ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས
iiif viewer powered by OpenSeadragon
247b - 248b