e-texts navigator
Collection
Volume
Page
Wylie

247b1 ཏེ་ཚེའི་དུས་བྱས་ནས་ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བ་འདི་ཐབས་ཅི་བྱས་ན་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་བར་འགྱུར། དེ་ནས་ཡི་དགས་ངས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱོད་ཀྱིས་སང་གི་ཉི
247b2 མ་ལ་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་དྲང་སྲོང་བརྒྱ་སྟོང་སྙེད་ལ་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མ་རེ་རེའི་ཞལ་ཟས་མཆིས་པ་ཕུལ་ཏེ། ཁོ་བོའི་ཕྱིར
247b3 དཀོན་མཆོག་གསུམ་ལ་མཆོད་པ་བྱས་ན་ཚེ་རིང་ཞིང་ཡི་དགས་ཀྱི་སྡུག་བསྔལ་དང་བྲལ་ཏེ་མཐོ་རིས་ཀྱི་ལྷར་འགྱུར་རོ། ། དེའི་ཚེ་དགའ་བོས་ཡི་དགས་ཁ་ནས་མེ་འབར་བ། ལུས་མི་སྡུག་པ་དང་། ཤིན་ཏུ་ར
247b4 ཅིང་སྐེམ་པ་དང་། ཁ་ནས་མེ་འབར་བ་དང་། མགྲིན་པ་མོ་ཁབ་ཙམ་ལ་སྒྲ་འཛིངས་པ་དང་། སེན་མོ་དང་། མཆེ་བ་རིང་ཞིང་ན་བ་ཡང་མཐོང་ལ། ཡིད་དུ་འོང་མི་འདོད་པའི་ཚིག་ཀྱང་ཐོས་ནས། ལུས་སྤྱི་བུང་བྱེད་པ་ཙམ
247b5 དུ་འཇིགས་སྐྲག་ནས་འདུག་པ་ལས་ལངས་དེ་མྱུར་བར་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱིན་ནས་ལུས་སྨད་ལྔ་ས་ལ་གཏུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས
247b6 ཕྱག་འཚལ་ནས། ལུས་འདར་བཞིན་དུ་སྡུག་བསྔལ་གྱིས་གདུངས་པའི་དཔུང་གཉེན་མཛད་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་པས་མཐའ་ཞིག་ན་ཆོས་ཡིད་ལ་བགྱིད་ཅིང་མཆིས
247b7 པ་ལས། ཡི་དགས་ཁ་ནས་མེ་འབར་བཞེས་བརྩེ་བ་དེ་བདག་ལ་འདི་ས་དམ་ཆིའོ།། ཁྱོདད་སྟེ་ཞག་བདུན་ན་ངས་པར་ཚེའི་དུས་བྱས་ཏེ། ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ་ཞེས་མཛེའོ།། བདག་གིས་དེ་ལ་ཐབས་ཅི
247b8 ན་ཡི་དགས་ཀྱི་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་བར་འགྱུར་ཞེས་དྲིས་ན། དེས་བདག་ལ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་དྲང་སྲོང་ལ་སོགས་པ་བརྒྱ་སྟོང




iiif viewer powered by OpenSeadragon

247a - 248a

Texts on this page

Q701 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs