e-texts navigator
Collection
Volume
Page
Wylie

246a1 ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ན། དེ་ལྟར་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་བར་འགྱུར་རོ།། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི་བ་པ
246a2 སུལ་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་གང་གིས་ཁྱེད་ཡི་དགས་རྣམས་དང་། བྲམ་ཟེའི་དྲང་སྲོང
246a3 རྣམས་ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱིས་མི་འཇིགས་ཤིག། ཀུན་དགའ་བོ་ཐམས་ཅད་དུ་འོད་དང་ལྡན་པ་རྒྱལ་ཆེན་ཤུགས་ལྡན་འོད་ཅེས་བྱ་བའི་གཟུངས་ཡོད་དེ། དེས་བྱིན་པཙམ་གྱིས་ཡི་དགས
246a4 གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་ཏེ། ཡི་དགས་དང་། བྲམ་ཟེའི་དྲང་སྲོང་རེ་རེ་ལ་ཟས་དང་སྐོམ་ཡུལ་མ་ག་དྷཱའི་བྲེ་བོ་བདུན་བདུན་ཕྱིན་པར་འགྱུར་རོ།། དེ་ནི་ད་སྔོན
246a5 བྲམ་ཟེའི་གྱུར་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ལས་ངས་བཟུང་སྟེ། དེས་ཡི་དགས་དང་བྲམ་ཟེའི་དྲང་སྲོང་གྲངས་སུ་བགྲང
246a6 པ་མང་བ་དང་། ཆེས་མང་བ་དག་ངས་ཟས་དང་སྐོམ་གྱིས་ཚིམ་པར་བྱས་ཏེ། དེ་དག་ཐམས་ཅད་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷའི་འཇིག་རྟེན་དུ་སྐྱེས་སོ།། ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ལ་དེ་ལོན་གྱིས
246a7 ཤིག། ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷཱ་ར་ཧཱུཾ། ཀུན་དགའ་བོ་འདིས་ཡི་དགས་ཀྱི་གཏོར་མ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ལག་པ་བརྐྱང་སྟེ་སྒོ་དུང་དུ་སྦྱིན་པར་བྱའོ།། སེ་གོལ་ཡང
246a8 བརྡབ་པར་བྱའོ། ། དེ་ལྟར་བྱས་ན་བྱིན་མ་ཐག་ཏུ་ཕྱོགས་པ་ཞིའི་ཡི་དགས་ག་གའི་ཀླུང་བྱེ་བ་ཁྲག་ཁྲིགགི་བྱེ་མ་རྙེད་དག་ཚིམ་པར་བྱས་པར་འགྱུར་ཏེ། ཡི་དགས་རེ་རེ་ལ་ཡང་ཡུལ་མ་ག་དྷའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ།།




iiif viewer powered by OpenSeadragon

245b - 246b

Texts on this page

Q700 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga