e-texts navigator
Collection
Volume
Page
Wylie

245b1 ཏེ་ཆོས་སྟོན་ཏོ། ། དེ་ནས་ཀུན་དགའ་བོ་དབེན་པར་འདུག་སྟེ། ནང་དུ་ཡང་དག་འཇོག་ཅིང་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་ཆོས་མངོན་སུམ་དུ་བྱེད་པ་ན། མཚན་མོ་ནས་ཀྱི་ཆ་སྨད་ལ་དེའི་མདུན་དུ་ཡི་དགས་མོ་ཁ་འབར་མ་འདུག
245b2 ནས་སྨྲས་པ། ཀྱེ་ཀུན་དགའ་བོ་ཁྱོད་གནངས་འཆི་བར་འགྱུར་ཏེ། ཡི་དགས་ཀྱི་གནས་འདིར་སྐྱེ་བར་འགྱུར་རོ།། ཀུན་དགའ་བོས་སྨྲས་པ། བརྟེན་པའི་ཐབས་ཅི་ཡོད། ཡི་དགས་མོས་སྨྲས་པ། ཀུན་དགའ་བོ་གལ་ཏེ་ནང་བར་ཡི་དགྲ
245b3 གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་གི་ཡི་དགས་རེ་རེ་ལ་ཡང་ཟས་དང་སྐོམ་ཡུ་བ་མ་ག་དྷ་བྲེ་བོ་བདུན་བདུན་ཙམ་བྱིན་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ལ། བདག་གི་མིང་གིས
245b4 དཀོན་པ་ཆོག་གསུམ་ལ་མཆོད་པ་བྱས་ན། དེ་ལྟ་ན་ཁྱོད་ཀྱི་ཚེ་ཡང་ཕྱིར་ནུར་པར་འགྱུར་ལ།། བདག་ཀྱང་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འབས་ཏེ་མཐོ་རས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། དེ་ནས་ཀུན་དགའ་བོ
245b5 ཡི་དགས་མོ་ཁ་འབར་ས་རེང་ཅང་མདོག་ངན་ལ་ཀུས་སྐེམ་པ། ཁ་ནས་མེ་ལྕེ་འབར་བ། ལྷོ་དང་ཁ་སྐམ་པ། རལ་པའི་ཕུང་པོ་གཡེངས་པ། སྤུ་དང་སེན་མོ་རིང་བ་མཐོང་སྟེ། ཚིག་གི་སྟན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས
245b6 སྐྲག་ཅིང་སྔབས་ཏེ། སྤུ་ཟིད་ཞེས་བྱེད་ནས། སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ་དང་། ཤིན་ཏུ་མྱུར་བའི་ཤུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ
245b7 ཏེ། འདར་བཞིན་དུ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐབས་མཛད་དུ་གསོལ།། བར་བར་གཤེགས་པ་སྐྱབས་མཛད་དུ་གསོལ།། བདག་ནི་གནངས་སྲོག་འགུམ་པར་འགྱུར་ལགས་སོ།། བཅོམ་ལྡན
245b8 འདས་བདག་གིས་ཡི་དགས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས་འཆི་བར་འགྱུར་རོ་ཞེས་མཆིན། བདག་གིས་ཐབས་ཅི་མཆིས་ཅེས་སྨྲས་ན། དེའི་མཆིད་ན་གལ་ཏེ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག




iiif viewer powered by OpenSeadragon

245a - 246a

Texts on this page

Q699 - su rU pa zhes bya ba'i gzungs
Q700 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga