e-texts navigator
Collection
Volume
Page
Wylie

245a1 རྒྱ་གར་སྐད་དུ། སུ་རུ་པ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། སུ་རཱུ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ན་མ་ཨུ་རཱུ་པ་ཡཱ་ཏ་ཐཱ་ག་ཏཱ་ཡ། མ་ར
245a2 ས་མ་མྱགས་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྥ་ར་མྦ་རས་ནཱ་པ་གས་ཏ་པ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། གཟུངས་འདིས་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས
245a3 སུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་གི་སྒ་ལན་གསུམ་དུ་བྱས་ནས་ཡི་དགས་ཐམས་ཅད་ལ་དབེན་པའོ་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས
245a4 དེངས་ཤིག། འཛག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡོ་དགས་རྣམས་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ།། ཞེས་པའོ།། ཟས་མ་ཟས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ།། དེ་ལྟར་ན་ཡི་དགས་ཐམ
245a5 ཅད་ལ་འབྲས་བྲེ་བོ་ཆེ་རེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་དེ་ལྟར་བྱས་ན་སྐྱེ་བ་ནས་སྐྱེ་བར་ཉམ་ཆུང་བར་མི་འགྱུར་རོ། ། དབུལ་པོར་མི་འགྱུར་རོ།། སྟོབས་ཆེ་བ་དང་། མཛེས་པ་དང་། མཐོང་ན་དགའ་བ་དང་། ཐུག་ཅིང
245a6 ལོངས་སྤྱོད་ཆེ་བར་འགྱུར་རོ། ། ཚེ་རིང་ཞིང་ནད་མེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ།། ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས
245a7 སུ་སྐྱེ་བར་འགྱུར་རོ། ། གཟུགས་ལེགས་ཤེས་བྱ་བའི་གཟུངས། རྫོགས་སྷོ།། །། @།། ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
245a8 ནས་བཅོམ་ལྡན་འདས་ཡུལ་སེར་སྐྱན་ཤིང་ནེ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། སེམས་ཅན་གྱི་ཚོགས་ཆེན་པོ་དང་ཐབས་གཅིག་དུ་བཞུག




iiif viewer powered by OpenSeadragon

244b - 245b

Texts on this page

Q699 - su rU pa zhes bya ba'i gzungs
Q700 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga