| | e-texts navigator
|
239a1 ཀྱིས་ཀླུའི་རྒྱལ་པོ་གཟི་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀླུའི་རྒྱལ་པོ་ལེགས་སོ་ལེགས་སོ།། འདི་ལྟ་བུར་ཁྱོད་ཀྱི་བྱ་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ
239a2 པ། དགེ་སློང་དག་དེའི་ཕྱིར་དྲག་དང་། སྨན་ཆེན་པོ་བཅཝ་བརྒྱད་པོ་འདི་དག་གི་མེང་ཟུང་ཤིག། ཏདྱ་ཐཱ། པཎ་ཌ་རེ། ཀ་ར་ཊ། ཀེ་ཡུ་ར་ཁེ་དྷ་ག་མ་ཏེ། བེན་དྲ་མ་ཏི། ཨ་ར་ཎ་ཏ་ར་ཎ། ཏ་རུ་ཌ། ད་ཧ་ད་ཏན། ཨེ་ཏ་རཏ།
239a3 ཛེ་ལེ་ཛ་ལེ། ཕ་ལ། ཤ་ཏ་ཤ་ཏ། ཀུ་ལེ་ན་ཀུ་ལི། ཨེ་ཀར་ཥི་ཏ་རང་ག་བྲིནྟི།། དགེ་སློང་དག་སུ་ཞིག་དུག་དང་། སྨན་ཆེན་པོ་བཅཝ་བརྒྱད་པོ་འདི་དག་གི་མར་འཛིན་པ་དེའི་ལུས་ལ་རིམས་ཀྱིས་མི་ཚུགས། དུག་དང་། མཚན
239a4 ང་བྱ་དང་། རོ་ལངས་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པས་མི་ཚུགས་དེ་ལ་རིང་པོ་ངག་འཚེ་བར་མི་འགྱུར་རོ།། ས་ཞིག་འདི་དག་འཛིན་པ་དེ་ཇི་སྲིད་འཚོའི་བར་དུ་བསྲུང
239a5 བ་བྱས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཀླུའི་རྒྱལ་པོ་གཟི་ཅན་ཡི་དརངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཀླུའི་རྒྱལ་པོ་གཟ
239a6 ཅན་གྱིས་ཞུས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། #།། རྒྱ་གར་སྐད་དུ། ཨཱརྱ་ག་ཏྱ་ཨ་ལཾ་ཀ་ར་ཨ་གྲ་ནཱ་མ་དྷཱ་རཎཱི། བོད་སྐད་དུ། འཕགས་པ་སྡོང་པོ་རྒྱན་གྱི་མཆོག་ཅེས་བྱ་བའི
239a7 གཟུངས། དགོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་གྱིས་བསྒྲུབ་ཏུ་གསོལ།། བྱང་ཆུབ་མཆོག་ལ་ཕྱག་འཚལ་ལོ།། འཕགས་པ་ཀུན་གྱིས་བསླབ་ཏུ་གསོལ།། རྡོ་རྗེ་མཆོག་ལ་ཕྱག་འཚལ་ལོ།།
239a8 རིག་བྱེད་ཀུན་གྱིས་སྒྲུབ་ཏུ་གསོལ།། གཙང་རིས་ལྷ་ལ་ཕྱག་འཚལ་ལོ།། མགོན་པོ་ཀུན་གྱིས་བསྒྲུབ་ཏུ་གསོལ།། བར་སྣང་ལྷ་ལ་ཕྱག་འཚལ་ལོ།། སྲིད་གསུམ་དབང་གིས་བསྒྲུབ་ཏུ་གསོལ།། ཁམས་གསུམ
iiif viewer powered by OpenSeadragon
238b - 239b