e-texts navigator
Collection
Volume
Page
Wylie

238b1 བར་གྱུར་ཅིག། ཏདྷནྟུ། སཱཊ་སྲཱམ་སྭ་ཊ་སྶ་རྠ། སུཊ་སྥུ་ཊཱ། ཕུ་ཊ་སྭཱ་ཧཱ།། ཆར་མེ་དབབ་པའི་ཆ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྟན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས་མགོ་བསྐས་ཏེ་གོས་གཙང་མ
238b2 བགོས་ལ། བྱམས་པའི་སེམས་དང་ལྡན་པས་དེ་བཞིན་གཤེགས་པའི་མཚན་འདི་དག་ཡི་གེར་བྲིས་ནས། གདན་གཙང་མ་ལ་བཞག་སྟེ། བོག་བོར་བདུན་གྱིས་ནམ་མཁའ་ལ་གྱེན་དུ་འདུག་ཅིང་།། དེ་བཞིན་གཤེགས
238b3 བའི་མཚན་རྣམས་ལན་ལྷ་བཅུའི་བར་དྲི་བརྗོད་ལ་མཆོད་པ་ཆེན་པོ་བྱས་ཏེ། ཞག་བདུན་གྱི་བར་དུ་རྒྱུན་མ་ཆད་པར་བྱས་ན་ཆར་འབབ་པར་འགྱུར་རོ།། ། འཕགས་པ་སྦྱིན
238b4 ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བབན་དྷེ་ཡེ་ཤེས་སྡེས
238b5 བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ། ། @#། རྒྱ་གར་སྐད་དུ། ཨཱརྱ་ན་མ་སཱི་ནཱ་གཱ་རཱ་ཛཱ་པ་རི་བྲིཙྪ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་བྱ་བའི
238b6 གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན། ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་ཏེ
238b7 དེ་ནས་ཀླུའི་རྒྱལ་པོ་གཟི་ཅན་ཁ་དོག་ཤིན་ཏུ་འཕགས་པ་དང་ལྡན་པ་ནམ་སྲོས་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན
238b8 འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལས་འཕགས་རི་འདི་ན་རིང་པོ་དག་དགེ་སློང་རྣམས་ལ་འཚེན། དེ་ལ་བདག་གིས་ཇི་ལྟ་དེ་གནས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས




iiif viewer powered by OpenSeadragon

238a - 239a

Texts on this page

Q690 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo
Q691 - 'phags pa klu'i rgyal po gzi can gyis zhus pa zhes bya ba'i gzungs