e-texts navigator
Collection
Volume
Page
Wylie

233a1 སྟན་སྔོན་པོའི་སྟེང་དུ་འདུག་ནས། ཁ་ཤར་ཕྱོགས་སུ་བལྟས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཉིན་མཚན་རྒྱུན་མི་འཆད་པར་ཀླག
233a2 པར་བྱའོ། ། ཆུ་སྔོན་པོས་བཀང་བའི་བུམ་པ་གང་བ་བཞི་གཞག་པར་བྱའོ།། གཏོར་མ་དང་། བདུག་པ་དདེ་མེ་ཏོག་ཅི་ནུས་ཀྱིས་སྦྱར་རོ།། དེ་ལ་ཆོས་སྨྲ་བས་ཕྱོགས་བཞིར་ལྕི་བའི་ཐབས་འདི་གང་བྱེབ་པཏེ། ཤར་ཕྱོགས་སུ་ཁྲུ་གསུམ་ཙམ
233a3 དུ་ཀླུའི་རྒྱལ་པོ་མགོ་གསུམ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བའི་ལྕི་བས་བྲི་བར་བྱའོ། ། ལྷོ་ཕྱོགས་སུ་ཁྲུ་ལྔ་ཙམ་དུ་ཀླུའི་རྒྱལ་པོ་མགོ་ལྔ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ།། ནུ
233a4 ཕྱོགས་སུ་ཁྲུ་བདུན་ཙམ་དུ་ཀླུའི་རྒྱལ་པོ་མགོ་བདུན་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། ། བྱང་ཕྱོགས་སུ་ཁྲུ་དགུ་ཙམ་དུ་ཀླུའི་རྒྱལ་པོ་མགོ་དགུ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ
233a5 བྲི་བར་བྱའོ། ། ཆོས་སྨྲ་བ་རང་གི་ལུས་བསྲུངས་ལ་བྱམས་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཉེ་བར་གཞག་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་པ
233a6 བཏབ་ལ་ཀླུ་རྣམས་དང་། དགེ་བའི་རྩ་བ་བགོ་བར་བྱ་སྟེ། འདི་ནི་ཆོ་གའོ།། གང་ཞིག་ཆར་མི་འབབ་པའི་ཚེ་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཀློག་ན་ཉིན་ཞག་གཅིག་གམ་གཉིས་ནས་ཉིན་ཞག་བདུན་ཚུན་ཆད
233a7 གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། ། རྒྱ་མཚོ་ནི་དུས་ལས་ཡོལ་ཡང་སྲིད་ཀྱི། ཐུབ་པ་ཆེན་པོའི་གསུང་རབ་ཆར་གྱི་ཆོ་ག་འདི་ནི་གཞན་དུ་མི་འགྱུར་རོ།། དེ་ལྟ་མོད་ཀྱི་ཚུལ་ཁྲིམས་དང་། ཡོན་ཏན་ལ་གནས་ཏེ་འཚལ
233a8 པའི་ཚུལ་ཁྲིམས་དང་། ཤ་དང་ཉ་ཤ་ལ་སོགས་པ་ཡོངས་སུ་སྤང་བར་བྱའོ།། འོ་ཐུག་དང་། ཞོ་དང་། འོ་མ་དང་། འབྲས་ཆན་བུར་མ་ཅན་ལ་སོགས་པ་དང་། མདར་གསུམ་ཟ་ཞིང་ཀླག་པར་བྱའོ།། དེ་ལྟར་ན་འགྲུབ་པར་འགྱུར་ཏེ




iiif viewer powered by OpenSeadragon

232b - 233b

Texts on this page

Q689 - 'phags pa sprin chen po