e-texts navigator
Collection
Volume
Page
Wylie

226a1 ལྡན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོ་སྤྲིནི་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས
226a2 བཀའ་སྩལ་ཏོ། ། ཀླུའི་བདག་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ་ལེགས་སོ།། ཀླུའི་བདག་པོ་དེའི་ཕྱིར
226a3 ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ཀླུའི་བདག་པོ་ཆོས་གཅིག་དང་ལྡན་ན་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་རྒྱུན་ཆད་པར་འགྱུར་བ་བདེ་བ་དང་ལྡན་པར་འགྱུར་རོ།། ཆོས་གཅིག་པོ
226a4 གང་ཞེ་ན། འད་ལྟ་སྟེ་བྱམས་པའོ།། ཀླུའི་བདག་པོ་བྱམས་པ་དེ་ལ་གནས་པའི་ལྷ་དང་མེ་རྣམས་ནི་མེས་མི་ཚིག། མཚོན་གྱིས་མི་ཚུགས། ཆུས་མི་ཁྱེར། དུག་གིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱིས་ཟིལ
226a5 གྱིས་མི་ནོན། བདེ་བར་གཉིད་ཀྱིས་ལྡོག་པར་འགྱུར། བདེ་བར་སང་པར་འགྱུར། རང་གི་བསོད་ནམས་ཀྱིས་ཡོངས་སུ་བསྲུངས་པར་འགྱུར། བསོད་ནམས་ཆེན་པོས་གཟི་བརྗིད་ཀྱིས་གཟི་ཅན་དུ་འགྱུར། ལྷ་དང་བཅས
226a6 པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར། མཛེས་པ་དང་མཐོང་ན་དགའ་བར་འགྱུར། འགྲོ་བ་ཐམས་ཅད་དུ་ཐུགས་ཐོགས་མེད་པར་འགྱུར། སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང་ས་རབ་ཏུ་དགའ་བར་འགྱུར།
226a7 བདེ་བ་ཐམས་ཅད་དང་ལྡན་པ་དང་། མིའི་ཆོས་བླ་མེ་རྟོགས་ནས་ལུས་ཞིག་པའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་ལྷ་དང་མི་བྱམས་པ་ལ་གནས་པ་རྣམས་ཀྱི་ཕན་ཡོན་འདི་དག་གོ།
226a8 གྲུའི་བདག་པོ་དེ་བས་ན་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ།། ཀླུའི་བདག་པོ་གཞན་ཡང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས




iiif viewer powered by OpenSeadragon

225b - 226b

Texts on this page

Q689 - 'phags pa sprin chen po