| | e-texts navigator
|
185a1 བྱས་ལ་གཙང་མར་བྱས་ཏེ། དུས་གསུམ་དུགས་བརྗེ་ཞིང་། ཁཟས་མིཐའམ། ཡང་ན་འཟས་དཀར་བག་ཟ་ཞིང་། སྐུ་གདུང་དང་ལྡན་པའི་མཆོད་རྟེན་མོར་བཞིན་དུ་གང་གི་མིང་དང་ལྡན་པས
185a2 ལན་འབུམ་བཟླས་བརྗོད་བྱས་ན། དེངན་སོང་ནས་ཐར་ཏེ་གནས་གཙང་མའི་རིས་སུ་སྐྱེས་ནས། སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པ་བྱེད་ཅིང་ལུས་ཀྱང་སྟོན་ལ། ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་ལན་གསུམ
185a3 བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། ། དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་། མཆོད་རྟེན་འབུམ་བྱས་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོཆེན
185a4 པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན། དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ།། ཡང་ན་དེ་ལྟར་མཆོད་པ་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ། གདུགས་དང་། རྒྱལ
185a5 མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས། འདི་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག། འདི
185a6 ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་ཀྱང་ཤེས་པར་བྱས་ན། དེས་དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་། ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ།། མཚམས་མེད
185a7 ལྔ་བྱེད་བྱེད་པ་འམ། དམ་པའི་ཆོས་སྤོང་བའམ།། འཕགས་པ་ལ་སྐུར་པ་བཏབ་པ་ཡང་རུང་སྟེ། འཆི་ཀར་རྩིག་པ་ལ་གཟུངས་འདི་བྲིས་པ་མཐོང་ན་ཡང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། དོན
185a8 བ་དང་། བཟླས་རྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུ་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ།། འབགས་པ་ལས་ཀྱི་སྒྲིབ་པ་ཐམ
iiif viewer powered by OpenSeadragon
184b - 185b