| | e-texts navigator
|
90b1 སུ་ཞིག་དྲི་མ་མེད་པའི་གཟུངས།། འདི་ནི་དགའ་བས་འཛིན་བྱེད་པ།། ཞིདི་རྣམས་ཀུན་ཏུ་རྒྱུ་བ་ན།། དཔལ་ལྡན་པད་མའི་སྙིང་པོར་འབྱུང་།། མཚན་རྣམས་ཀྱིས་ནི་ལེགས་པར་བརྒྱན།། ཡན་ལག་འོད་ཟེར་དྲ་བ་འབྱུང་།། ཏདྱ་ཐཱ། ཀུ་ཊི་ཀུ་ཊི
90b2 ཀུང་རྩཝ་ལོ། ཨེ་ལ་ཨེ་ལ། མུག་ཏ། ཀོ་ཤཱུ་ལོ།། ཨེ་རི་རི། ར་མྲྀ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་དག་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ད
90b3 དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དཱ་ན་ཤཱི་ལ་དང
90b4 ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། སྐར་ཞུས།། 6། རྒྱ་གར་སྐད་དུ། ཨཱརྱ་བི་ཤི་ཥ་བ་ཏི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཁྱད་པར་ཅན
90b5 ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྦྲུལ་གྱི་ལོའི་དགུན་ཟླ་ར་བའི་ཚེས་ཉི་ཤུ་ལ་ཡུལ
90b6 ཕུ་རོན་ཅན་ན། གྲོང་ཁྱེར་སན་ཙོ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཚེ་བརྗོད་ཅེས་བྱ་བ་དོན་ཞིག་གི་ཕྱིར་གྲོང་ཁྱེར་གནས་སོང་ཞེས་བྱ་བར་སོང་སྟེ། དགེ་སློང་དེ་རྒྱ་ཡུལ་གྱི་གྲོང་ཁྱེར་ནས་དཔག
90b7 ཚད་བརྒྱའི་ལམ་དུ་ཕྱིན་པ་དང་། དགེ་སློང་ངེས་པར་དེར་མི་ལུས་ཆེན་པོ་ཁྲུན་དུ་མཐོ་སུམ་བཅུ་ཡོད་པ། བཞིན་མཐོ་བཞི་པ་ཞིག་རྒྱང་རིང་པོ་ནས་མཐོང་ངོ་།། མཐོང་ནས་ཀྱང་དགེ་སློང་ཚེ་བརྗོད་དེས་མི་དེ་ལྟ་བུ་དེ་ལ་འདི
90b8 སྙམ་དུ་སེམས་ཏེ། ཀྱེ་མ་མི་འདི་ནི་ལུས་ཆེ་སྟེ། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན་དུ་ངེས་སོ་སྙམ་ནས། དེས་པུས་མོ་གཉི་གའི་ལྷ་ང་ས་ལ་གཙུགས་ཏེ། མི་ལུས་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱ་རབ་བཏུད
iiif viewer powered by OpenSeadragon
90a - 91a