| | e-texts navigator
|
8a1 ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་ཉན་ཐོས་ཀྱིས་ནི་ཉན་ཐོས་ཀྱི་ཆོས་རྣམས་མ་ཐོབ་པ་ཉིད་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ཉན་ཐོས་ཀྱིས་ཉན་ཐོས་ཀྱི་ཆོས་རྣམས
8a2 མཐོབ་པ་ནི་མ་ཡིན་ཏེ། འོན་ཀྱང་ཉན་ཐོས་ལ་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་དྲིས་པ་ལ་ལན་གདབ་པ་འམ། སྤྱོད་པ་བྱིན་གྱིས་བརླབས་པར་བྱ་བའི་ནུས་པ་དང་མཐུག་ལ་ཡོད། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན
8a3 ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཤཱ་ར་དྭ་ཏིའི་བུ་འདི་ནི་དེ་བཞིན་གཤེགས་པས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན་བསྟན་པ་འདི་གང་ལ་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས།།
8a4 བཀའ་སྩལ་པ། འཇམ་དཔལ་ངས་གང་བསྟན་པ་འདི་ནི་བསྟན་པ་མེད་པའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་གྱིས་ཉན་ཐོས་ཀྱི་ཆོས་རྣམས་ཐོབ་བམ།
8a5 སྨྲས་པ། དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། འོ་ན་ཅི་ཁྱོད་སོ་སོའི་སྐྱེ་བོ་འམ། སྨྲས་པ། དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། འོ་ན་ཅི་ཁྱོད་སློབ་པ་འམ། སྨྲས་པ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ།
8a6 འོན་ཁྱོད་ཅི་ཤེས་རབ་དང་ལྡན་པའི་མཆོག་ཡིན་ནམ། སྨྲས་པ། དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། གལ་ཏེ་བཙུན་པ་ཤཱ་ར་དྭ་ཏིའི་བུ་སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན། ཤེས་རབ་དང་ལྡན་པའི་མཆོག་ཀྱང
8a7 མ་ཡིན་ནི་དེ་ཉིད་ཁྱོད་དམིགས་པ་ཅན་དུ་འགྱུར་རོ། ། ཤཱ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་སྐྱེས་བུ་དམ་པ་རྒྱ་མཚོ་ལྟར་གཏིང་དཔག་དཀའ་བ་ཁྱོད་དང་འགྱེད་པར་མ་བྱེད་དོ།། ཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རཱ་ཏཱིའི་ཙྪ།
8a8 ཁྱོད་ན་རྒན་རབས་ཐུ་བོ་མཆོག་ཡིན་གྱིས་བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་སྐད་མཟེར་ཅིག། གནས་བརྟན་གྱིས་སྨྲས་པ། རིགས་ཀྱི་བུ་རྒས་པའི་དངོས་པོས་ནི་ཅི་ཡང་འདོ་བར་མི་འགྱུར། མངོན་པར་རྟོགས་པར་མི་འགྱུར་རོ།། རིགས་ཀྱི
iiif viewer powered by OpenSeadragon
7b - 8b