e-texts navigator
Collection
Volume
Page
Wylie

88a1 མི་རྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་ཆེ་བ་དང་། བཙས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པ་དང་། རྟག་དུ་དེ་བཞིན་གཤེགས་པ་དགྲ
88a2 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་སྟེ། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས
88a3 ཀྱིས་མི་རྫི་བར་འགྱུར་རོ། ། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ང་ས་ལ
88a4 གཙུགས་ནས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་སྐྱེ་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་དེ་ཅི་འདྲ་བར་བདག་ཀྱང་དེ་འདྲ་བའི་ལུས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་མོས་པ་བསྐྱེད་ན།
88a5 གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ།
88a6 ཚངས་པ་ཉིད་དག། ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ཀྱིས་ཟད་པར་བྱར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་རིགས་ཀྱི་བུའམ
88a7 རིགས་ཀྱི་བུ་མ་དས་བསོད་རྣམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བ་ཡིན་ཏེ། བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱེང་ནུ་བ་མན།
88a8 རྫོགས་པར་སངས་རྒྱས་བགྲང་ཀྱར་དུ་འཇུགགས། གཙུག་ལག་ཁང་དང། གྲོང་དུ་འཇུག་ཀྱང་རུ་། དེ་བཞིན་གཤེགས་པ་ཐམས་ཅད་དུ་རྒྱུ་ཡང་ཆུང། འཆག་ཀྱང་རུང་། འགྲེང་ཡ་ཅུ་འདུག་ཀྱང་དྲུག་ཆོས་སྦྱིན་ཀྱ




iiif viewer powered by OpenSeadragon

87b - 88b

Texts on this page

Q496 - 'phags pa dri ma med pa zhes bya ba'i gzungs