e-texts navigator
Collection
Volume
Page
Wylie

87b1 ཟད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚད་མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཡོན་ཕུལ་བ་ཡང་ཚད་མེད་དོ།། མཐའ་ཡས་སོ།།
87b2 བསམ་གྱིས་མི་ཁྱབ་བོ།། མཚུངས་པ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ། འཚེ་ཞིང་གཞེས་པ་ལ་སྟི་སྟང་དུ་བྱེད་པ་དང་། བླ་མར།
87b3 བྱེད་པ་དང་། རི་མིར་བྱེད་པ་དང་མཆོད་པ་དང་རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྟི་སྟང་བྱེང་བ་དང་། བླ་མར་བྱེད་པ
87b4 དང་རི་མོར་བྱེད་པ་དང་མཆོད་པ་དང་རྗེད་པ་དང་ཡང་དག་པར་སེམས་ཉེ་བར་བཞག་སྟེ། བྱང་ཆུབ་དུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། སྟི་སྟང་བྱེད་པ་དང་བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་།
87b5 མཆོད་པ་དང་རྗེད་པ་དང་གསོལ་བ་དང་བསྔགས་པ་དང་། སྐོར་བ་བྱེད་པ་དེས་ཕན་ཡོན་ལྔར་ཤེས་པར་བྱ་སྟེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ
87b6 དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་རག་ཏུ་ཤེས་པར་བྱའོ།། དེ་ལས་གཞན་མ་མོ། བཞི་ནི
87b7 པར་བྱ་སྟེ། གཞག་ཤེ་ན། དེ་བཞིན་གཤེགས་པས་བསྟན་པའི་ཚིག་སོ་སོར་འཛིན་པ་དང་། དེ་དག་ཀྱང་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུས
87b8 རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་སྟེ། ཆོས་བཞི་པ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ།། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡནན་འ་དམ་བདུད་ཀྱི་གས་ཀྱི་ལྷ་བུན་དུ་ས




iiif viewer powered by OpenSeadragon

87a - 88a

Texts on this page

Q496 - 'phags pa dri ma med pa zhes bya ba'i gzungs