| | e-texts navigator
|
87a1 བྱག་འཚལ་ལོ། ། དི་གད་བདགགས་ཐོས་པ་དུས་གཅིགན། བཅོམ་ལྡན་འདས་རྒྱལ་པོ་བབན། བྱནོད་ཕུང་པོའི་ངལ་བཞུགས།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་ཆུབ་སེམས་དང་འཐོཐོ་རྣམ་པ་དདག།
87a2 ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ་ཚུལ་ཁྲིམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིན་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། ཐོ་ཟོས
87a3 རྣམ་པར་དག་པ་བཟོད་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་ཕན་པའི་དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་བྱམས་པ
87a4 ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པ་དང་། དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ
87a5 བློ་གྲོས་རྣམ་པར་དག་པ་རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། བློ་གྲོས་རྣམ་པར་དག་པ་སྟོབས་ཡོངས་སུ་དག་པ་དང་། མི
87a6 འཇིགས་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོད
87a7 སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་སྤོས་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་དང་རོལ་མོའི་སྒྲ་དང་། ཐུག་པ་རྣམས་ཀྱིས་སྤྱི་སྣང་དུ་བྱེད་པ།
87a8 དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐའ་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར།
iiif viewer powered by OpenSeadragon
86b - 87b