e-texts navigator
Collection
Volume
Page
Wylie

83a1 ལས་ནི་གང་བྱས་པ། ། ཞག་བདུན་གྱིས་ནི་བྱང་བར་འགྱུར།། བྱང་ཆུབ་སེམས་དཔའི་བསོད་ནམས་གང་།། བསྐལ་པ་བྱེ་བར་བསྒྲུབས་པ་ཀུན།། གཟུངས་སྔགས་འདི་འཛིན་བྱེད་པ་དེས།། ཞག་བདུན་གྱིས་ནི་ཟིལ་གྱིས
83a2 ནོན། ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་པོ།། རྒྱལ་པོ་ཆེན་པོ་བཞི་པོ་དག། ལུས་ངན་དང་ནི་ཡུལ་འཁོར་སྲུང་།། མིག་མི་བཟང་དང་འཕགས་སྐྱེས་པོ།། བདོག་ལྡན་ཞིང་གྲགས་དང་ལྡན།། འཁོར་བཅས་བློན་མས་དེ་དག་ཀྱང་།།
83a3 གཟུངས་སྔགས་འདི་ནི་རྗོད་བྱེད་པ།། དེ་ལ་རྟག་ཏུ་སྲུང་བར་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཉན་ཐོས་ཆེན་པོ་དེ་དག་དང་། འཕགས་པ་བྱམས་པ་དང་། འཇམ
83a4 དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ
83a5 ལ་མངོན་པར་བསྟོད་དོ། ། །། འཕགས་པ་རིགས་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་གི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཨ་བྷི་ཥིཉྩ་ནིཏྲིཿདྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དབང་སྐུར་བ་ཞེས་བྱ་བའི་གཟུངས
83a6 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ
83a7 ན་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་བྱེ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་དང་ཐབས་གཅིག་རྒྱུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན
83a8 པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མ་དང་། བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་དང་། བདེན་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དའི་ཆོས་ཡོངས་སུ་གཟུང་བ།




iiif viewer powered by OpenSeadragon

82b - 83b

Texts on this page

Q483 - 'phags pa rig sngags kyi rgyal po sgron ma mchog gi gzungs
Q484 - 'phags pa dbang bskur ba zhes bya ba'i gzungs