| | e-texts navigator
|
77b1 ལན་བརྒྱ་སྟོང་དུ་གཏོར་ནས་གཡོ་བར་འགྱུར། བདག་ཉིད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། སྨན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར། གཟུངས་ཆེན་པོ་ཐོས་མ་ཐག་ཏུ་ཅི་འདོད་པ
77b2 དེ་ཐོབ་པར་འགྱུར། ཐོས་པ་འཛིན་པར་ཡང་འགྱུར། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས
77b3 ཅད་དང་ལྡན་པའི་འཁོར་དེ་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཙན་དན་གྱི་ཡན་ལག་ཅེས་བྱ་བའི་གཟུངས
77b4 རྫོགས་སྷོ། ། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏཱ་དང་། དྷ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། དྷ་གར་སྐད་དུ། ཨཱརྱ་ཨ་གྲ་པྲ་དྷཱ
77b5 པ་དྷཱ་ར་ཎཱི་བི་དྷ་རཱ་ཛཱ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་གི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ
77b6 ལྡན་འདིས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ལྷ་དང་མི་འབུམ་ཕྲག་དུ་མ་དང་། བྱང་ཆུབ་སེམས་དཔའ་འབུམ
77b7 ཕྲག་དུ་མ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། སངས་རྒྱས་ཀྱི་ཞིང་འདི་ན་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས
77b8 ཤེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མ་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེས་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་དང་།
iiif viewer powered by OpenSeadragon
77a - 78a