| | e-texts navigator
|
6a1 གཤེགས་པས་བདག་ལ་དགོངས་ན་བདག་གིས་སྐྱེས་བུ་དམ་པ་འདི་ལ་དྲི་བ་རབགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འཇམ་དཔལ་ཁྱོད་ཀྱིས་ཏིང་ངེ་འཛིན་རྡུལ་ཐ་རབ་ཀྱི་རྡུལ་སྙེད་ཐོབ་པ་ཡིན་ན་དེ་བཞིན་གཤེགས
6a2 པ་ལ་གསོལ་པ་གདབ་ཅི་དགོས། རིགས་ཀྱི་བུ་ཁྱོད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྐལ་པ་དང་ལྡན་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་གང་དག་ཀུན་ཏུ་བསྟེན་པ་དང་བསྒོམ
6a3 པ་དང་མང་དུ་བགྱིས་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུར་རིགས་པར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་ཏེ། འོན་ཀྱང་འཇམ
6a4 དཔལ་ད་ཁྱེད་ལ་གསོལ་བ་འདེབས་ཀྱིས་ཁྱོད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་དྲིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ
6a5 ཀུན་ཏུ་བཟང་པོ་འདི་ནི་ཤིན་དུ་ཟབ་མོ་སྟོན་པ་སྟེ། ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱང་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་ཡིན་གྱིས་བདག་ལ་གསུང
6a6 ཤིག། ཡང་རིགས་ཀྱི་བུ་ཁྱོད་ནི་སྟོང་པ་ཉིད་ལ་གནས་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོར་མོ་བཅུའི་ཟིལ་མོ་སྦྱར་ཏེ་ཕྱག་འཚལ
6a7 ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེའི་རྒྱལ་བའི་སྲས་ཁྱོད་ཀྱིས་བདག་ལ་སྐབས་ཕྱེ་ན་ཁྱོད་ལ་བདག་ཡི་གེ་འབྲུ་གཉིས་ཤིག་འདྲིའོ།། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་སྨྲས་པ། རིགས་ཀྱི
6a8 བུ་དེའི་དུས་ལ་དབབ་པར་ཤེས་ན་དྲིས་ཤིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་བའི་སྲས་སངས་རྒྱས་སངས་རྒྱས་ཤེས་བྱ་བའི་གཞིའི།
iiif viewer powered by OpenSeadragon
5b - 6b