| | e-texts navigator
|
5b1 ནུར་གྱུར་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདང་ཀྱི་དགེན་མཆོག་ཏལ་ལ་ཞེས་པ
5b2 བའི་གཟུངས་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་སྤོབས་པ་ལ་གནས་པ་འདི་ལ་དྲིས་ཤིག་དང་འདི
5b3 སྣོད་ལ་སྙན་པར་གྱུར་པ། དེནས་འཇས་དཔལ་གཞོན་དུ་བྱུང་བས་བཅོམ་ལྡན་འདས་ལ་མདེར་དཕྱོགས་ཏེ་དུགནས་སོང་མོ་བཅུཐལ་པོ་སྣང་ཏེ་བཅོམ་ལྡན་འདས་ལ་འདིས་ཅེས་གསོལ་ཏོ།། ཐམས་ཅད་མབྱེད
5b4 ཅིང་ཐམས་ཅད་གཟིགས་པ་བཅོམ་ལྡན་འདས་ཉིད་ཀྱིས་ཅིའི་སླད་དུ་མི་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་དག་འཁོད་པ་དེན
5b5 དེ་བཞིན་གཤེགས་པ་རྣམས་བཏང་སྙོམས་སུ་བཞུགས་སོ། ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་འདིར་བཏང་སྙོམས་སུ་བཞུགས་པ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ
5b6 སྩལ་པ། རིགས་ཀྱི་བུ་ང་ནི་སེམས་ཅན་གྱི་ཁམས་ཡལ་བར་འདོར་བ་མ་ཡིན་ཏེ། རིགས་ཀྱི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་ནི་བསྟན་པ་ཚད་མེད་ཅིང་བསྟན་པ་བསམ་གྱིས་མི་ཁྱབ་བོ།། དེ་ནས་འཇམ་དཔལ
5b7 གཞོན་ནུར་གྱུར་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ཏ་ལ་ལ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང
5b8 ཆུབ་སེམས་དཔའ་ཀུན་དུ་བཟང་པོ་འདི་ལ་དྲིས་ཤིག་དང་། འདི་ཁྱོད་ལ་སྟོན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་ལ་གནས་པའོ།། འཇམ་དཔལ་གྱིས་གསོལ་པ། གལ་ཏེ་དེ་བཞིན
iiif viewer powered by OpenSeadragon
5a - 6a