e-texts navigator
Collection
Volume
Page
Wylie

5a1 ཀྱི་བུ་ཆོས་ཀྱི་དབྱིངས་ནི་ནམ་མཁའ་དང་མཚུངས་པ་དང་། སྤྲོས་པ་མེད་པ་དང་མ་སྤྲོས་པ་དང་བླ་ན་མེད་པ་དང་དོང་བ་མེད་པ་དང་། དངོས་པོ་མེད་པ་དང་། གནས་པ་མེད་པ་སྟེ་དེ་ལྟར་རྟོགས་པར་བྱའོ།། བྱང་ཆུབ་སེམས་ད།
5a2 ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཆོས་ཀྱི་དབྱིངས་འབྱུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་འབྱུང་བ་མེད་པའོ།། རིགས་ཀྱི་བུ་ཆོས་ཀྱི་དབྱིངས
5a3 ནི་བསམ་གྱིས་མི་ཁྱབ་པའོ། ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་དངོས་པོ་མེད་པ་རྟོགས་པ་སྟེ། དངོས་པོ་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཞིང་བསྟན་པར་བྱ་བ་མ་ཡིན་པའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ།
5a4 བཅོམ་ལྡན་འདས་བྱང་ཆུབ་ལ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་རྣམ་པ་ནི་ཚད་མེད་དེ་དེ་ནི་ཚད་དང་ལྡན་པར་བསྟན་པར་མི་ནུས་སོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས
5a5 གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཆོས་ཀྱི་དབྱིངས་རྣམ་པར་རྟོག་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་གོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས
5a6 གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཅིའི་སླད་དུ་རྟོག་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ
5a7 ཐམས་ཅད་ནི་མ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ལས་བྱུང་བའོ།། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཟབ་ལགས
5a8 སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་ཆོས་ཐམས་ཅད་སྤྲོས་པ་མེད་པ་ནི་བྱང་ཆུབ་ཅེས་བྱའོ།། དེ་ནས་འཇམ་དཔལ་གཞོན




iiif viewer powered by OpenSeadragon

4b - 5b

Texts on this page

Q472 - 'phags pa dkon mchog ta la la'i gzungs zhes bya ba theg pa chen po'i mdo