e-texts navigator
Collection
Volume
Page
Wylie

166a1 མཚན་ལན་བདུན་བརྗོད་ན་ལས་བརྒྱད་མ་གསགས་པའི་སྡིག་པ་ཐམས་ཅད་འབྱུང་ཞི་འཆི་བའི་དུས་སུ་གནང་གཅོད་པའི་སྡུག་བསྔལ་དྲག་པོ་མི་འབྱུང་ངོ་། ། བདེ་བ་ཉིད་དུ་དུས་བྱེད་པར་འགྱུར་རོ།། ཨོཾས་ནས
166a2 ད་ལཻ། བྷི་ནེ་སྭཱ་ཧཱ། སངས་རྒྱས་སྲས་དང་བཅས་པ་དེ་དག་རྣམས་ལ་བཤོས་གཙང་ལ་སོགས་པའི་མཆོད་པས་ཡང་དག་པར་མཆོད་ན་ཡང་གང་ཟག་དེ་མཆི་བའི་དུས་སུ་ནད་དང་། ཟུག་རྔུ་དང་བྲལ་ཏེ། བདེ་བ་ཉིད་དུ་དུས་བྱེད་ཅིང་།
166a3 འཕོས་ནས་ཀྱང་སུམ་བཅུ་རྩ་གསུམ་འམ། འཐབ་བྲལ་ལམ། དགའ་ལྡན་གྱི་ལྷའི་ནང་དུ་སྐྱེ་ཞིང་། བདེ་བ་ཉིད་དུ་འཚེ་བར་འགྱུར་རོ།། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་པ་དང་། དགེ་བརྙན་མས། དུས་ཚིགས་གཟའ
166a4 སྐར་མ་བརྩིས་ཤིང་། ཁྲུས་དང་གཙང་སྦྲ་མ་བྱས་ཀྱང་། རིག་པ་ལ་ནི་གནས་པས་འགྲུབ།། གང་དག་མོས་པ་མེད་འགྱུར་བས།། འགྲུབ་ཉིད་དུ་ནི་ཡོད་མི་འགྱུར།། དེ་བས་ཤིན་ཏུ་མོས་གུས་བྱའོ།། འཕགས་པ་སྒྲིབ་པ་རྣམ
166a5 པ་ར་སེལ་བའི་གཟུངས་རྫོགས་སྷོ། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སྠཱ་ཁྱཱ་ཏོ་ནཱ་མ་དྷཱ་ར་ནཱི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས།། དཀོན་མཆོག་གསུམ་ལ་ཕྱག་འཚལ
166a6 ལོ། ། འཕགས་པ་འཇམ་པལ་ལ་ཕྱག་འཚལ་ལོ།། མོ་དན་གཱམཱ་ཡ།། ན་མོ་བྷ་ག~ཾ་བ་ཏེ་དྷརྨ་དྷཱ་ཏུ་ནི་གར་ཛི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་ས་མྱཀས་བུད་དྷཱ་ཡ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མར་བྷཱུ་ཏཱ་ཡ། ཏད་ཡ་ཐཱ། ཨོཾ་ཛྙཱ་ན་ལོ་ཀ། ཏྲི་རང་ན
166a7 བི་ཤ་སཾ་དྷ་ར་ནཱི། བྷ་ག་བ་ཏི། ཨ་བཱ་ཡནདྷཱ་དྷི་མ་པཱ་ལན་ད་མ་བ་དྷི་ཏེ་བདྲ་བ་རེ་བ་ལཱ་ཡ། སེ་མན་ཏ་ཨ་པ་བྷཱ་ས་ན། ཧ་ན་ཧ་ན་སརྦ་སཏྭ་སན་ཏ་ན་པ་ཏི་ཏཾ། ཀླེ་ཤཱ་ནུང་ཚེ་ཤཱ་ཡཾ། པ་ར་ལཀྵ་ན་ཨེ་ལ~ཾ་ཀྲི་ཏ་ཤ་རི་རེ། བོ་དྷི་སིཏྭ་ཤི་ཤཱ་བ་ཏི་པཱུ་ལ།
166a8 ཡ། བུད་དྷ་ན་དེ་ཤཱ་ཡ། དེ་ག་ནཱ་ག། ཡེཀྵ། གན་དྷརྦ། ཨ་སུ་ར། གཱ་རུ་ཌཱ། ཀིན་ན་ར། མ་ཧོ་རག། བ་ཤེ་སྠཱ་པཱ་ཡ། ཨ་བ་ཡན་དང་ཏི་སྭཱ་ཧཱ། གཟུངས་འདིའི་པན་ཡོན་ནི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ་ལས




iiif viewer powered by OpenSeadragon

165b - 166b

Texts on this page

Q516 - 'phags pa sgrib pa rnam par sel ba zhes bya ba'i gzungs
Q517 - 'phags pa 'jam dpal gyi zhal nas gsungs ba zhes bya ba'i gzungs