e-texts navigator
Collection
Volume
Page
Wylie

165b1 བར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ།། ཐན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་རི་དགས་དང་། བྱཱ་རྣམས་ཀྱི་རྣ་ཁུང་དུ་སྒྲོགས་པར་བྱེད་ན། དེ་དག་ཀྱང་བྲན་མེད་པ་ཡང་དག་པར་རྫོགས།
165b2 པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་བོ།། འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། ད་ནས་གི་དྲི་མས་མི་གོས་སོ།། མའི་མངལ་དུ་ཡང་མི་སྐྱེ་བོ།། ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་སྒྱུར་བ
165b3 རྒྱལ་པོར་འགྱུར་རོ། ། དག་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ།། ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་ལོངས་སྤྱོད་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་དེ་བསྲུང་བར་མི་བགྱི
165b4 ལགས་སོ། ། ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས། དེ་ཇི་ལྟར་གྱུར་ཀྱང་རུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ།། འཕགས་པ་བྱམས་པས་དམ་བཅས་པའོ་ཞེས་བྱ་བའི
165b5 གཟུངས་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་གུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨཱརྱ་ཨ་པ་ར་ཎ་བི་སྐཾ་བི་ནཱམ་དྷཱ་ར་ཎཱི། བོད་སྐད་དུ། འཕགས
165b6 པ་སྒྲིབ་པ་རྣམ་པར་སེལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། དེ་རྣམས་ལ་ཕྱག་འཚལ་ནས་འཕགས་པ་སྒྲིབ་པ་རྣམ་པར་སེལ་བའི
165b7 གཟུངས་འདི་བརྗོད་པར་བྱའོ། ། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་པ་རྣམ་པར་སེལ་བའི་སྙིང་པོ་འདི་ལན་བདུན་བརྗོད་ན། ལུས་བརྒྱུད་པའི
165b8 སྡིག་པ་ཐམས་ཅད་འབྱང་ཞིང་འཆི་བའི་དུས་སུ་བདེ་བ་ཉིད་དུ་དུས་བྱེད་པར་འགྱུར་རོ། ། ཨོཾ་ཀེ་ཏ་ཝ་རི་བ་ཛ་ལི་ནི་སྭཱ་ཧཱ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་བའི་སྙིང་པོ་འདི་ཉིན་ལན་བདུན




iiif viewer powered by OpenSeadragon

165a - 166a

Texts on this page

Q514 - bde ldan gyi snying po
Q515 - 'phags pa byams pas dam bcas pa zhes bya ba'i gzungs
Q516 - 'phags pa sgrib pa rnam par sel ba zhes bya ba'i gzungs