| | e-texts navigator
|
164b1 ཡང་སྲིད་ཀྱི། གཟུངས་ཆེན་པོའི་གསངས་སྔགས་གཞི་འདི་དག་ནི་སླུས་མི་སྲིད་དོ།། ཀུན་དགའ་བོ་ལྔ་ལམ། ཀླུ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། རླུང་ལྷ་འམ། དྲི་ཟ་འམ། མི་འམ་ཅི་འམ། ལྟོ་འཕྱེ་ཆེན
164b2 པོ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། ཡི་དགས་སམ། ཤ་ཟ་འམ། གྲུལ་བུམ་འམ། སྲུལ་པོ་འམ། ལུས་སྲུལ་པོ་འམ། འབྱུང་པོ་འམ། བྲམ་ཟེའི་སྲིན་པོ་འམ། གྲིབ་གནོན་ནམ། མི་འམ་མི་མཽ
164b3 ཡིན་པ་གང་ལ་ལ་ཞིག་གམ། གཞན་སུ་ཡང་རུང་བ་ཞིག་གིས་གཟུངས་ཆེན་པོ་གསང་སྔགས་གཞི་འདི་དག་ལས་འགལ་བར་བྱེད་ན། ཏད་ཡ་ཐཱ། ཨག་གི་ལེ། ཙག་གི་ལེ། བལ་ལེ། མལ་ལེ། ཨོཾ་ཧཱ་ནི། མོ་ཧཱ་ནི།
164b4 ཛཾ་བྷ་ནི། སྟཾ་བྷ་ནི། བདག་དང་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡང་ལྕགས་ཀྱི་འཁོར་ལོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་གམ
164b5 ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགོམས་སོ། ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་གཟང་དང་། རྣམ་ཐོས་ཀྱི་བུ་ཡང་ལྕགས་ཀྱི་འཁོར་ལོ་འབར་བ། རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ
164b6 མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས། དེའི་མགོ་ཚལ་པ་བདུན་དུ་འགེམས་སོ།། ལྷོའི་དབང་པོ་བརྒྱ་བྱིན་ཡང་རྡོ་རྗེ་འཕེན་ཏོ།། གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན
164b7 དུཏུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་དུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ།། དེ་རྒྱལ་པོའི་ཕོ་བྲང་ལུང་ལོ་ཅན་དུ་གནས་སུ་མི་དབང་སྟེ། དེའི་མགོ་ཨརྠ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས
164b8 སོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
iiif viewer powered by OpenSeadragon
164a - 165a