e-texts navigator
Collection
Volume
Page
Wylie

164a1 པོའི་གསང་སྔགས་གཞི་འདི་དགའརྐང་བ་དང་། འཛིན་པ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དེ་ཚེ་རབས་ཉི་ཤུ་རྩ་གཅིག་གི་བར་དུ་ཆ་རབས་དྲན་པར་འགྱུར་རོ།། ད
164a2 ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་མི་འགྱུར་རོ། ། དེ་ལ་གཟུངས་ཆེན་པོའི་གསང་སྔགས་གཞི་ནི་འདི་རྣམས་ཡིན་ནོ།། ཏད་ཡ་ཐཱ། རུ་ལེ། མ་ཧཱ་རུ་ལེ། ཧེ་ཧེ་རི། མད་ཏ་རི། ཛ~ཾ་བྷ་ནི། སྟཾ་བྷ་ནི། ཀུན་དཀའ་བོ་དང་།
164a3 པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་གཞི་འདི་དག་གིས་ཤིང་སྐམ་པོ་ལ་བསྲུང་བ་འམ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང
164a4 བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོ་ནི་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསང་བ་དང་། མཚམས་གཅད་པ་དང་། ནམ་མཁའ་བཅིང་བ་དང་། ས་བཅིང་བ
164a5 བྱས་ཏེ། དེ་ལ་སྲད་བུས་བཅིངས་ན་དེའི་རྩ་བ་ཡང་སྐྱེ་བར་འགྱུར། ཡལ་ག་དང་། ལོ་མ་དང་། ལྕུག་མ་དང་། མེ་ཏོག་དང་། འབྲས་བུ་ཡང་སྐྱེ་བར་འགྱུར་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལྟ་སྨོས་ཀྱང
164a6 དགོས་ཏེ། ཀུན་དགའ་བོ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ།། ཀུན་དགའ་བོ་ཉི་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ་འདི་གཉིས་ནི་ས་ལ་ལྟུང་ཡང་སྲིད
164a7 དོ། ། ཀུན་དགའ་བོ་རིའི་རྒྱལ་པོ་རི་རབ་གནས་ནས་གཡོ་ཡང་སྲིད་དོ།། ཀུན་དགའ་བོ་རྒྱ་མཚོ་ཆེན་པོ་འདི་ལྟར་ཟབ་པ། འདི་ལྟར་རྒྱ་ཆེ་ལ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འཐུ་ཆེ་བ་བཞི་པོ་འདི་དག་ནི་སྐམས་ཤིང
164a8 ཡོངས་སུ་ཟད་དེ་མཐར་ཐུག་པར་འགྱུར་ཡང་སྲིང་ངོ་། ། ཀུན་དགའ་བོས་ཆེན་པོ་འདི་ན་རྣམ་པ་སྟོང་དུ་འགྱེས་ཀྱང་ཟིང་། ཆུན་བཤོར་བ་ཉིད་འདིར་ཡང་སྲི་། མནི་ཆེ་བ་འདོར་བ་ཡང་སྲི། རླུང་ནི་དྲང་བ་འདོང




iiif viewer powered by OpenSeadragon

163b - 164b

Texts on this page

Q513 - 'phags pa gzungs chen po