e-texts navigator
Collection
Volume
Page
Wylie

163b1 ཚེརབས་དྲན་པར་འགྱུར་རོ།། དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ།། དེ་ལ་གཟུངས་ཆེན་པོའི་གསང་སྔགས་གཞི་ནི་འདི་རྣམས་ཡིན་ནོ།། ཏད་ཡ་ཐཱ། ཨན་ཏེ། བན་ཏེ། ཀྵ་མེ། ཀཱ་མ་མེ། དྷཱ་ན་སེ། བད་ནཾ།
163b2 ཨད་ནེ། ཧུ་ལེ། མ་ཧཱ་ཧུ་ལེ། ཏ་ཀ་རེ་གཾ་བྷཱི་ར། དུཥྚ་ས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང། གནོད་པ་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག། སྲུངས་ཤིག། སྭཱ་ཧཱ། ཀུན་དགའ་བོ
163b3 གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུ་རྩ་བརྒྱད་ཀྱིས་གསུངས་ཏེ། ང་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡིད་རང་ངོ་།། ཀུན་དགའ་བོ་དད་པའི
163b4 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་གཞི་འདི་དག་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་ན། དེ་ཚེ་རབས་བཅུ་བཞིའི་བར་དུ་ཚེ་རབས་དྲན
163b5 པར་འགྱུར་རོ། ། དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ།། དེ་ལ་གཟུངས་ཆེན་མོའི་གསང་སྔགས་གཞི་ནི་འདི་རྣམས་ཡིན་ནོ།། ཏ་ད་ཡ་ཐཱ། ཨད་ཊེ། བ་ད་ཊེ། ཨག་གེ། བ་ག་གེ། ཋག་གེ། ཋག་ཀེ། དྷ་ཀེ།
163b6 དྷ་ར་དྷ་ག་གེ། ཊ་གེ་ཊ་ར་ཀེ། ཨ་ཀ་སི། ས་ཀ་སི་མ་ཀི་སི་ཨེ་ལ་མི་ལི། ཏི་ལི་མི་ལི། རྀ་ར་བི། མ་ཧཱ་རཽ་ར་བི། བྷཱུ་ཏཾ་ག་མེ་བྷཱུ་ཏ་པ་རཱ་ཡ་ནེ། ཏི་མིང་གི་སཾ། མ་ཧཱ་ཏི་མིང་གེ་སེ། སཾ་བྷ་བེ། མ་ཧཱ་སཾ་བྷཱ་བེ། བདག་དང་སེམས།
163b7 ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་ལས་སུང་སེ་ཤིག་སྲུངས་ཤིག། སྭཱ་ཧཱ། ཀུན་དགའ་བོ་གཟུངས་ཆེན་མོའི་གསང་སྔགས་གཞི་འདི་དག་ནི་ཡང་དག
163b8 པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཏེ། ད་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡིད་རང་ངོ་།། ཀུན་དགའ་བོ་དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན




iiif viewer powered by OpenSeadragon

163a - 164a

Texts on this page

Q513 - 'phags pa gzungs chen po