e-texts navigator
Collection
Volume
Page
Wylie

161a1 འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུའི
161a2 གནས་ལྷ་དང་ལྡན་པ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ
161a3 ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འབོད་ཕྱོགས་གཅིག་ཏུ་དུག་ནས་བྲམ་ཟེ་སའི་དབང་པོ་ཤིང་ས་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཡང་།
161a4 དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སྨོན་ལམ་བཏབ་པ་ལགས་ན། གང་གིས་བདག་སྐྱེ་བ་དྲན
161a5 པར་འགྱུར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བའི་ཐབས་དེ་བཅོམ་ལྡན་འདས་ཀྱིས་གལ་ལེགས་པར་བགད་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང་། བཅོམ
161a6 ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱིས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་སྨྲ་བུ་ལ་འདི་སྐ་ཅེས་བཀའ་སྩལ་ཏོ། ། དེའི་ཕྱིར་བུ་ཁྱོད་གལ་ཏེདལྟ་སྨོན་ན་དེའི་ཕྱིར་ཀུན་ཏུ
161a7 འོ་ཀྱཱ་ག་སྔགས་ཀྱི་སྙིང་པོ་འདི་བྱུང་ཤིག་ཆོངས་ཤེག་ལོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། ཀུན་དུ་ད་ཀྱི་གསྔགས་ཀྱི་སྙིང་པོག་ཞེ་ན། ཏད་ཡཐཱ། ཨི་མ་དན་བྲ་མོད་ནི། བི་མདིན། མ་སོང
161a8 ཀ་ཎི། ཐཱཀ་ན། ཊཱཀླ་ན། འད་ག་ཞི། ཨ་ཆུག་དརྒྱན་ས་ཕྱགས་བྱེ་དྷག་ཨུ0f7f། ཨནྟ་ཏ་མ་ཧྱེ་དཿ། ཨརྱཱ་ཏ་པྲདྡཱ། མ་མན་ཏ་བག་ཀི་། ཨན་ཏ་ངས་ཨུ0f7f།། ། བ་ཀྲག་བི་དྷཱ་རརྨཱ།




iiif viewer powered by OpenSeadragon

160b - 161b

Texts on this page

Q512 - 'phags pa sa'i dbang po chen po zhes bya ba'i gzungs