e-texts navigator
Collection
Volume
Page
Wylie

160a1 དེའི་གནས་མེད་དེ། འདི་ལ་དགོས་པ་འམ། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་མི་བྱའོ།། སེང་གེ་རྣམ་པར་རྩེ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་ཡོད་ཀྱིས་སྐྱེ་བོ་མང་པོ་ལ་ཕད་པ
160a2 དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། བན་པ་དང་བདེ་བའི་ཕྱིར་དེ་བཤད་པར་བྱའོ།། སེང་གེ་རྣམ་པར་རྩེ་གང་ལ་ལ་ཞིག་མེ་ཏོག་བཊེགྶ
160a3 བའི་གཟུངས་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་འཆད་པ་དེ་རྟག་ཏུ་ཚེ་རབས་དྲན་པར་འགྱུར། དེ་ངན་འགྲོ་ལོག
160a4 པར་ལྟུང་བར་མི་འགྱུར། དལ་བ་རྙེད་པར་འགྱུར། ནམ་དུ་ཡང་དཀོན་མཆོག་གསུམ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་དེ་བཞིན་གཤེགས་པ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་སངས་རྒྱས་རྗེས་སུ་དྲནག
160a5 དང་མི་འབྲལ་བར་འགྱུར། ནམ་དུ་ཡང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་དབང་པོ་མ་ཚང་བར་མི་འགྱུར། ནམ་དུ་ཡང
160a6 རིགས་དཔའ་བར་སྐྱེ་བར་མི་འགྱུར། སྤོབས་པ་སྣ་ཚོགས་ཟབ་མོ་ཕུན་སུམ་ཚོགས་པར་འགྱུར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་རོ།།
160a7 ཏདྱ་ཐཱ། དྷཱ་ཀེདྷཱ་ར་ཎཱི། མུ་ནི་པྲ་བྷ། སཱ་རེ། སིད་དྷེ་ཙི་ཎ་ཌེ་ནཱ་མཿཙི་ནི་རི་ཧེ་རེ་ཨ་རོག་པ་ཏི། བུད་དྷ་མ་ཏི་དྷེརྠེ། ཨོཾ་ཀར་ཏེ། ག་ག་ར་ཏེ། ར་ཛྲ་པ་ཏི་ཏེ་ཛོ་པ་ཏི། བི་བུ་ལ་བུད་དྷི། དྷརྨ་ཨ་བ་བྷ་སེ། ཨ་ཀྵ་ཡ་ཀ་ལ་བེ། ཀ་ལ་བ
160a8 བ་ཏི། ཨ་མྲྀ་ཏ་ཀ་ལེ་བེ་ཧཱུཾ་ཏཱ་ཤ་ན། ཏེ་རྡོ་བ་ཏི། ནིད་དྱ་སཾ་ཧི་ཏེ། ཏེ་ཛཱ་གྲ་བ། ཏིཥྛིན་དྲ་ཡེ། ཏིཥྛིན་དྲ་ཡེ་བུད་དྷི་སྭཱ་ཧཱ། སེང་གེ་རྣམ་པར་རྩེ་གང་ལ་ལ་ཞིག་གྲི་མེ་ཏོག་བརྩེགས་པའི་གཟུངས་འདིའི་མིང་དང་། ཡི་གེ་དང་། ཚིག




iiif viewer powered by OpenSeadragon

159b - 160b

Texts on this page

Q511 - 'phags pa me tog brtsegs pa zhes bya ba'i gzungs