e-texts navigator
Collection
Volume
Page
Wylie

159b1 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིན་པོ་ཆེའི་ཕུང་པོ་རི་རིབ་ཙམ་དབུལ་བར་དུལ་ལ་པས་བྱང་ཆུབ་སེམས་དཔའ་གང་རབ་ཏུ་བྱུང་ནས་ཀར་ཥཱ་པ་ཎ་ག་ཅིག
159b2 ཙམ་དབུལ་བར་ཕྲལ་ལ། ཕུལ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དགེ་བའི་རྩ་བ་སྔ་མ་དེས་དགེ་བའི་རྩ་བ་ཕྱི་མའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ
159b3 ཀྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། བསྐྲུན་པ་དང་། རྒྱུར་ཡང་ཉེ་བར་མེ་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ།། སེང་གེ་རྣམ་པར་རྩེ་གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
159b4 པར་རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ། ལོ་བརྒྱ་འམ། ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད
159b5 རྟེན་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་ཟིན་པས་དེ་བཞིན་གཤེགས་པ་མཆོད་པའི་ཕྱིར་མེ་ཏོག་འགའ་འཕྲུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ
159b6 འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། མེ་ཏོག་འབུལ་ལམ། བདུག་སྤོས་འབུལ་ལམ། ཕྲེང་བ་འབུལ་ལམ། རོལ་མོའི་སིལ་སྙན་འབུལ་ལམ། གདུགས་འབུལ་ལམ། དྲིལ་བུ་འབུལ་མ།
159b7 སྦྱང་བ་འབུལ་ལམ། རྒྱལ་མཚན་འབུལ་ལམ། བ་དན་འབྲལ་ལམ། དར་འབུལ་ལམ། མར་མེ་འབུལ་ཞིང་། ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་འགའ་བོར་སྟེ། སངས་རྒྱས་བཅོམ་ལྡན་འདས
159b8 དེ་ལ་ཕྱག་འཚལ་ལོ། ། ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་རྩེ་བསྐལ་པར་རམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ངུའམ། བསྐལ་པ་འབུམ་དུ་ཡང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་འགྱུར་བ




iiif viewer powered by OpenSeadragon

159a - 160a

Texts on this page

Q511 - 'phags pa me tog brtsegs pa zhes bya ba'i gzungs