| | e-texts navigator
|
5b1 ཐུབ་པ་ལ་མཆོད་པའི་ལས་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་མཐོང་ངོ་། ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་རྣམས་དགའ་བ་དང་བཅས་པ་སྤུ་ཟང
5b2 ཞེས་བྱེད་དོ། ། ལྷའི་གནས་ཐམས་ཅད་རབ་ཏུ་གཡོས་པ་དང་ལྡན་པ་མཐོང་ནས་སྐྲག་ཅིང་། སྙིང་འདར་ཏེ་འོན་ཏེ་འབྱོར་པ་ཡོངས་སུ་ཉམས་སམ་ཅི་ཞེས་ཕན་ཚུན་རིངས་ཐབས་སུ་སྐད་མཐོན་པོས
5b3 སྨྲ་བར་བརྩོམ་ཞིང་འདི་སྐད་ཅེས་ཀྱང་སྨྲས་སོ། ། བཅོམ་ལྡན་འདས་ཡོངས་སུ་སྐྱབས་ཤིག། ཤཱཀྱ་ཐུབ་པ་ཡོངས་སུ་སྐྱོབས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད
5b4 དང་ལྡན་པའི་འཁོར་ལ་བཀའ་སྩལ་ཏེ། ། མི་འཇིགས་ཤིག། མ་འཇིགས་ཤིག། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག། དེ་བཞིན
5b5 གཤེགས་པ་ཆེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས་མེ་ཏོག་ཅན་ལྟ་བུ་ནས་ང་ཉིད་ལྟ་བ་དང་ཕྱག་འཚལ་ཞིང་བསྙེན་བཀུར་བར་འདོད་དེ། དོན་ཆེན་པོ་སྤྱོད་པ་དང་། རག་སྔགས་ཀྱི་ཚིག་དང
5b6 ཆོས་ཀྱི་ཚིག་རྨད་དུ་བྱུང་བ་ཡང་ངེས་པར་བསྟན་པའི་ཕྱིར་འོངས་སོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་མིག་མོ་འཛུམས་པར
5b7 བལྟས་ཏེ་ཞབས་གཉིས་ལ་བཏུད་ནས། ཡི་གེའི་ཚིག་རབ་ཏུ་སྨྲས་པ་འདི་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ།། ཕྱག་འཚལ་སྐྱེས་བུ་མཁྱེན་ཁྱོད་ལ།། ཕྱག་འཚལ
5b8 སྐྱེས་བུ་མཆོག་ཁྱོད་ལ། ། སྤྱོད་པའི་དོན་ཀུན་སྒྲུབ་པ་པོ།། ཕྱག་འཚལ་སྐྱེས་བུ་གཙོ་ཁྱོད་ལ།། དོན་མེད་ཐམས་ཅད་བཟློག་པ་པོ།། ཕྱག་འཚལ་སྐྱེས་བུ་སེང་གེ་ཁྱོད།། ངན་སང
iiif viewer powered by OpenSeadragon
5a - 6a